དམངས་ཕན་འཁྱགས་ཤ་ཕྱིར་ཚོང་བྱས་དམངས་ཀྱི་སེམས་པ་ལྷོད་ཤིག་ཤིག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མང་ཚོགས་ལ་ཟོག་གོང་འཚམས་པའི་ཤ་ཚལ་རིགས་མཁོ་འདོན་འདེངས་ངེས་ཐུབ་པ་བྱ་ཆེད།  ལྷ་ས་གྲོང་ཁྱེར་ནས་སྤྱི་ཟླ་གཉིས་པའི་ཚེས ༢༠ ཉིན་ནས་ཚེས ༢༤ ཉིན་བར་སྲིད་གཞུང་གིས་ཉར་གསོག་བྱས་པའི་དམངས་ཕན་ཤ་རིགས་ཕྱིར་འཚོང་བྱེད་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱིས་དམངས་ཕན་ཐད་ཚོང་ས་ཚིགས་བདུན་བཙུགས་ཡོད་པ་དང་།  སྔོན་དཔག་བྱས་ན་འཁྱགས་ཤ་ཀྲོན ༥༠༠ ཕྱིར་ཚོང་བྱེད་རྒྱུ་རེད་ལ།  རིན་གོང་ཡང་ཁྲོམ་རའི་རིན་གོང་ལས་སྤྱི་རྒྱ་རེར་སྒོར ༦ གིས་དམའ་བ་ཡོད་པ་དང་།  འཛད་སྤྱོད་པ་རེ་རེསཐེངས་གཅིག་ལ་ཉོ་སྒྲུབ་བྱེད་པའི་ཚད་གཞི་སྤྱི་རྒྱ ༣ ལས་བརྒལ་ཆོག་གི་མེད།  བོད་ལྗོངས་ཤིའི་ཧའེ་འཁྱག་མཛོད་ཁང་གི་འགན་འཁུར་བ་ལའོ་ཁྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ཚེས ༢༠ ཉིན་གྱི་ཞོགས་པའི་རིང་ཁོ་ནར་བརྒྱད་གཅིག་ཚལ་ཁྲོམ་གྱི་ཚོང་ཁང་ལྔ་པའི་ཕྱིར་ཚོང་ས་ཚིགས་གཅིག་པོ་ན་ཕག་ཤ་ཀྲོན ༢ ལྷག་ཙམ་བཙོངས་ཡོད

རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་ར་འཁོར་རྒྱུག་མཐུན་སྦྱོར་ཁྲུའི་ཀྲུའུ་རེན་ཁོའོ་ཡོན་སྐལ་བཟང་ནས།  ད་ཆ་ལྗོངས་ཡོངས་སུ་འཁྱག་ཤ༼ཕག་ཤ་དང་ཚགས་ཤ༽དང་ཇ་བཅས་ཉར་གསོག་འདེངས་ངེས་ཡོད་པ་དང་།  སྔོ་ཚལ་དང་ཤིང་འབྲས་ཀྱི་རིགས་ཕུན་སུམ་ཚོགས་པ།  རྩེ་སྒྲོ་དང་ཤམ་བུ་སོགས་ཁྱད་ལྡན་ལོ་གསར་གྱི་མཁོ་ཆས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པས།  རྒྱ་ཆེའི་འཛད་སྤྱོད་པས་བློ་བདེ་པོའི་ངང་ལོ་གསར་གཏོང་ཆོག་ཅེས་བཤད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]