ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནད་ཡམས་འགོག་ཟོན་གྱི་འཐབ་ས་དང་པོའི་བུད་མེད་ཚོར་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར།  རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཟླ་གསུམ་པའི་ཚེས  ཉིན  ནད་ཡམས་འགོག་ཟོན་བྱེད་རིང་ལེགས་སྐྱེས་ཕུལ་མཁན་གྱི་ཕུལ་བྱུང་བུད་མེད་ཁག་ཅིག་ལ་དུས་ཆེན་གྱི་འཚམ་འདྲི་ཞུས་པ་རེད།

ནད་ཡམས་འགོག་ཟོན་ཏན་ཏིག་བྱ་ཆེད་རང་ལྗོངས་ཀྱི་རྒྱ་ཆེའི་བུད་མེད་ལས་བྱེད་པ་མང་ཚོགས་དང་།  ལག་བསྟར་ཨུ་ལྷན།  བུད་མེད་དང་བླངས་པ་བཅས་ཀྱིས་ནད་ཡམས་འགོག་ཟོན་འཐབ་ས་དང་པོར་བསྐྱོད་དེ།  དྲིལ་བསྒྲགས་པ་དང་ཁ་ཏ་བྱེད་མཁན།  ལྟ་སྐུལ་པ།  འཐབ་རྩོད་པ་བཅས་བྱས་ནས།  ནད་ཡམས་འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ།  དུས་རབས་གསར་པའི་བུད་མེད་ཚོའི་ནུས་ཤུགས་དང་རང་འགུལ་ངང་འགན་འཁུར་བའི་སྙིང་སྟོབས་དང་ཉམས་སྣང་མངོན་པར་བྱས་ཡོད།

ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲུའུ་ཡན་སླིད་ཀྱིས།  ད་ལོའིགསུམ་བརྒྱད་དུས་ཆེན་རིང་ང་ཚོས་ཕུལ་བྱུང་གི་མི་སྒེར་དང་བུད་མེད་ཚོགས་པའི་གཟི་བརྗིད་ལྡན་པའི་བྱས་རྗེས་རང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པ་གཙོ་བོདང་།  བོད་ལྗོངས་བུད་མེད་དང་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་བཅས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱ་རྒྱུ་མ་ཟད།  སྤྱི་ཟླ་གསུམ་པའི་ཚེས ༨ ཉིན་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་འགོ་ཁྲིད་ནས་གཟི་བརྗིད་མཚན་སྙན་དེ་སྔོན་ཐོན་མི་སྒེར་དང་ཚོགས་པའི་ལག་ཏུ་སྤྲོད་རྒྱུ་ཡིན་ཅེས་གསུངས།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]