ཏོག་གསར་གློ་ཚད་ཀྱི་འགན་བཅོལ་བཏོན་ནས་གྲོང་ཚོར་བཅའ་སྡོད་རང་ལྗོངས་ཀྱི་ལས་བྱེད་པའི་སེམས་ཁྲལ་ཆུང་དུ་བཏང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེས ༩ ཉིན་གྱི་ཕྱི་དྲོ།  ཀྲུང་གོ་ཐའེ་ཕིང་ཡཱང་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིབོད་ལྗོངས་ཡན་ལག་ཀུང་སིས།  ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་བྱེད་པ་ཏོག་གསར་གློ་ཚད་ཀྱི་འགན་བཅོལ་ནང་བཅུག་པའི་གན་འཇོག་མཛད་སྒོ་ལྷ་སར་འཚོགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཐའེ་ཕིང་ཡཱང་རྒྱུ་ནོར་འགན་བཅོལ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་བྱེད་པ ༡༧༡༧༡ འགོ་ནད་རོགས་སྐྱོབ་ཀྱི་འོས་འབབ་འགན་བཅོལ་ནང་བཅུག་པ་དང་།  འགན་བཅོལ་ནང་ཞུགས་པའི་ཉིན་ནས་བཟུང་ལོ་གཅིག་གམ་ཡང་ན་ནད་ཡམས་མཇུག་མ་སྒྲིལ་བར།  འགན་བཅོལ་ནང་ཞུགས་པའི་མི་རྣམས་ནད་ཡམས་འགོ་ནས་ཚེ་ལས་འདས་ཚེ་མི་རེར་སྐྱིན་ཚབ་སྒོར་ཁྲི ༢༠ འཇལ་གྱི་ཡོད་པ་དང་།  དམིགས་འཛུགས་སྨན་ཁང་ནས་ཏོག་གསར་གློ་ཚད་དུ་གཏན་འཁེལ་བྱུང་བའི་ནད་ཡམས་ཕོག་མཁནརེར་རོགས་སྐྱོབ་ཁ་གསབ་སྒོར ༢༠༠༠ སྤྲོད་རྒྱུ་ཡིན་པས།  གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་བྱེད་པ་ཚོ་ནད་ཡམས་འགོག་ཟོན་ནང་ཧུར་ཐག་ཞུགས་རྒྱུར་འགན་ལེན་ཏན་ཏིག་བྱས་ཏེ།  བཅའ་སྡོད་ལས་བྱེད་པའི་སེམས་ཁྲལ་ཐག་གཅོད་བྱེད་རོགས་བྱས་ཡོད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]