ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་རིམས་འགོག་དང་ཞབས་ཞུ་གཉིས་ཀར་ལྷོད་གཡེང་བཏང་མེད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རིམས་ནད་ཐོན་རིང་གི་སྲིད་དོན་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཆེད།  ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས༼དེ་སྔའི་ལྷ་ས་གྲོང་ཁྱེར་གྲོང་མི་ཞབས་ཞུ་ལྟེ་གནས༽ཀྱིས་ཆ་འཕྲིན་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་རིམས་ནད་འགོག་ཟོན་བྱེད་རིང་སྲིད་དོན་ཞབས་ཞུ་མཚམས་མི་ཆད་པར།  དྲ་ཐོག་ནས་གཉེར་བ་དང་རང་སྒྲུབ་ངང་གཉེར་བ།  མངགས་གཉེར་སོགས་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ལ་ལས་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།

ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ལྟ་སྐུལ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཟླ་བ་དཔལ་སྒྲོན་ནས།  སྤྱི་ཟླ ༢ པའི་ཚེས ༣ ཉིན་ནས་བཟུང་ང་ཚོས་ཕྱི་ཕྱོགས་ལ་ཞབས་ཞུ་བྱེད་འགོ་ཚུགས་ཡོད།  ལས་ཀའི་དུས་ཚོད་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་ཉིན་གུང་ཆུ་ཚོད་དང་པོ་བར་དང་།  ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་ཆུ་ཚོད་དྲུག་པ་བར་ཡིན།  ལས་སྒྲུབ་སྐར་ཁུང་དུ་གཏན་འཇགས་རྒྱུ་ནོར་ཕྱོགས་བསྡུས་དང་ཁྲེང་ཀོན་ཆུས་སུ་གཉེན་སྒྲིག་ཐོ་འགོད།  ལྷ་ས་གྲོང་ཁྱེར་གྱི་འཆར་ལྡན་བུ་བཙའ།  ནང་བཤུག་ཁང་ཚོང་གི་དཔྱ་ཁྲལ།  འཆར་འགོད་ཇུས་འགོད་ཁང་།  རྩོམ་སྒྱུར།  སྤྱི་སྤྱོད་རླངས་འཁོར་སོགས་ལས་སྒོ་རིགས ༨ གཉེར་ཆོག་གི་ཡོད།  གལ་ཏེ་གྲོང་མི་མང་ཚོགས་ཚོས་ལས་སྒོ་གཞན་དག་གཉེར་དགོས་ཚེ།  འཕྲིན་ཕྲན་སྤྱི་སྟེགས་དང་སྒུལ་བདེའི APP ཡང་ན ༡༨༠༠༨༩༠༡༨༠༠ ལ་ཁ་པར་བརྒྱབ་ནས་མངག་གཉེར་བྱེད་ཆོག

ཤེས་རྟོགས་བྱུང་བར་གཞིགས་ན།  ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་རིམས་ནད་འགོག་ཟོན་ཧུར་ཐག་བྱས་ནས།  འཛུལ་སྒོར་དམར་ཕྱིའི་འོད་ཀྱི་ལུས་དྲོད་ལྟ་ཞིབ་ཚད་ལེན་མ་ལག་སྒྲིག་སྦྱོར་བྱས་ཡོད་པས་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་གྱི་མྱུར་ཚད་དང་གནད་ལ་འཁེལ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། །

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]