ལྷུན་གྲུབ་རྫོང་གིས་ཐོན་སྐྱེད་དང་རིམས་འགོག་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱས་ནས་དཔྱིད་འདེབས་ཀྱི་གྲ་སྒྲིག་ཨང་གསར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་་སླེབས་འགོ་ཚུགས་ཡོད།  ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ནད་ཡམས་འགོག་ཟོན་ཏན་ཏིག་སྒྲུབ་པ་དང་དུས་མཚུངས།  དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་སྔ་སྣུར་དུ་འཆར་འགོད་དང་བཀོད་སྒྲིག་བྱས་ནས  ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།  ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་འགན་ལེགས་སྒྲུབ་ཡོང་བ་བྱས་ཏེ  ཐོན་སྐྱེད་དང་རིམས་འགོག་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱེད་རྒྱུ་རེད

དེང་སྐབས་ལྷུན་གྲུབ་རྫོང་གིས་ནས་ཀྱི་སོན་བཟང་རྒྱ་མ་ཁྲི ༣༤༡.༡ གྲབས་གསོག་བྱས་ཡོད་པ་དེས་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་གང་ལེགས་སྐོངཐུབ་རྒྱུ་རེད།  འཆར་གཞི་ལྟར་ན་ལྷུན་གྲུབ་རྫོང་གིས་ཞིང་སྨན་ཀྲོན ༢༧ ཉོ་སྒྲུབ་བྱ་རྒྱུ་ཡིན་པ་དང་།  དེའི་ཁྲོད་ཀྱི་ཞིང་སྨན་ཕལ་ཆེ་བ་ས་གནས་ས་ཐོག་ཏུ་འབྱོར་ཟིན་པ་དང་ལྷག་འཕྲོ་རྣམས་སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་དུ་ཚང་མ་གནས་ལ་འབྱོར་བ་བྱ་རྒྱུ་རེད།  སྔོན་དཔག་ལྟར་ན་རྫས་ལུད་ཀྲོན ༣༡༤༨.༥ དགོས་མཁོ་ཡོད་པ་དང་རྫོང་ཞིང་འཕྲུལ་མཁོ་སྤྲོད་ས་ཚིགས་ཀྱིས་བོད་ཞིང་ཚོགས་པ་དང་འབྲེལ་མཐུད་བྱས་པས།  སྤྱི་ཟླ་གསུམ་པའི་ཚེས ༥ ཉིན་ནས་དབོར་འདྲེན་བྱེད་འགོ་ཚུགས་པ་དང་སྤྱི་ཟླ་བཞི་པའི་ཟླ་འགོར་ཚང་མ་གཤམ་སྤྲོད་ཐུབ་བཟོ་ཡོད།  གཞན་ཡང་  རྫོང་ཡོངས་ཀྱི་དུད་ཚང་ཚང་མས་ཁྱོན་ཁྱིམ་ལུད་ཀྲོན་ཁྲི ༢༣ ལྷག་ཙམ་གསོག་འཇོག་བྱས་ཡོད།།


ལྷུན་གྲུབ་རྫོང་ཞིང་འབྲོག་ཅུ་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ལྷུན་གྲུབ་རྫོང་གིས་རིམས་ནད་འགོག་ཟོན་ཡག་པོ་བྱེད་པ་དང་དུས་མཚུངས།  རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུ་དམིགས་ཚད་དུ་འཛིན་ནས།  ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད་དེང་རབས་ཅན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་རྒྱུ་རེད།  རྫོང་དེས་ད་ལོ་ནས་ཞིང་མུའུ་ཁྲི ༡༡.༣༧ དང་གྲོ་ཞིང་མུའུ་ཁྲི ༣.༣༤  པད་ཁ་མུའུ་ཁྲི ༠.༩༩  སྔོ་ཚལ་མུའུ་ཁྲི ༡.༤༨  གཟན་རྩྭ་མུའུ་ཁྲི ༧ བཅས་འདེབས་འཛུགས་བྱ་རྩིས་ཡོད།  འཆར་གཞི་ལྟར་ན་སྤྱི་ཟླ་གསུམ་པའི་ཚེས ༢༥ ཉིན་ནསདཔྱིད་འདེབས་ཀྱི་ལས་ཀ་ཚུགས་རྒྱུ་དང་སྤྱི་ཟླ་ལྔ་པའི་ཟླ་འགོར་ལོ་ཏོག་གཙོ་བོ་ཁག་འདེབས་འཛུགས་ཟིན་པ་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]