ལྷ་ས་འགག་སྒོས་རིམས་ནད་ཐོན་རིང་ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་རྨང་གཞི་བཏིངས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱི་ཕྱོགས་ཉོ་ཚོང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད།  ལྷ་ས་འགག་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱི་ཕྱོགས་ཉོ་ཚོང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་རྒྱུའི་ཐད་འགག་སྒོ་སྤྱི་ཁྱབ་ལས་ཁུངས་ནས་གཅིག་གྱུར་བཀོད་སྒྲིག་གནང་བ་གཞིར་བཟུང་། རང་ལྗོངས་ཁེ་ལས་ཀྱི་དོན་དངོས་དཀའ་ངལ་དང་དགོས་མཁོར་དམིགས་ཏེ་གནད་འཕིགས་རོགས་སྐྱོར་ཐུབ་པ་དང་།  སྲིད་ཇུས་ཀྱི་བྱ་ཐབས་ཁག་ནན་ཏན་བཟུང་བ་བཅས་བྱས་ཏེ་འགག་སྒོ་ལས་ཁུངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་རྨང་གཞི་བཏིངས་ཡོད།

ཉེ་དུས། ལྷ་ས་འགག་སྒོའི་ཁོངས་གཏོགས་བར་སྐོར་འགག་སྒོས་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནང་འདྲེན་ཞལ་འདེབས་དངོས་རྫས་ཀྱི་འབྲེལ་ཡོད་འགྲོ་ལུགས་གཉེར་རྒྱུར་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་ཏེ།  ས་གནས་ས་ཐོག་ཏུ་དངོས་རྫས་ཀྱི་འབྲེལ་ཡོད་འགྲོ་ལུགས་འཕྲལ་སྡོམ་ཐོ་འགོད་དང་དངོས་གཞིའི་ཡིག་ཆ་རྗེས་གསབ་བྱེད་པའི་སྟབས་བདེའི་བགྲོད་ལམ་མགྱོགས་མྱུར་ངང་ཤར་གཏོང་ཐུབ་པ་བྱས་ནས།  དུས་འགྱངས་མེད་པར་ནང་འདྲེན་ཞལ་འདེབས་དངོས་རྫས་མྱུར་ཞིབ་མགྱོགས་གཏོང་བྱས་པའི་ནང་ཐེངས་གཅིག་རང་བཞིན་གྱི་ཁ་རས ༦༠༠༠ ཚུད་ཡོད།  
རིམས་ནད་ཐོན་པ་ནས་བཟུང་ལྷ་ས་འགག་སྒོས་ནང་འདྲེན་དངོས་ཟོག་ཁག་ཐེངས ༣༥༤ མྱུར་ཞིབ་མགྱོགས་གཏོང་བྱས་པའི་ནང་ཐེངས་གཅིག་རང་བཞིན་གྱི་ཁ་རས་དང་འགོག་སྲུང་གྱོན་གོས།  མིག་སྲུང་མིག་ཤེལ་སོགས་འགོག་སྲུང་མཁོ་ཆས་ཁྱོན་ཁྲི ༣༦.༩༤ ཚུད་ཡོད།

སྤྱི་ཟླ ༢ པའི་ཟླ་མཇུག་ནས་ད་བར་ལྷ་ས་འགག་སྒོས་ཁ་པར་ཐོག་ནས་འདྲི་རྩད་དང་འདྲི་ཤོག་བརྟག་དཔྱད་སོགས་ཐུགས་འཕྲད་མེད་པའི་བྱ་ཐབས་བརྒྱུད།  སྤྱི་ལོ ༢༠༡༩ ལོར་རང་ལྗོངས་སུ་ཁྲལ་འཇལ་ཟིན་ཐོ་ཡོད་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས ༤༢ དང་ཐོན་སྐྱེད་བཟོ་སྐྲུན་རིགས།  དེ་བཞིན་འདེབས་འཛུགས་ར་བའི་ཐོ་འགོད་སྙན་སེང་དང་དཔང་དངོས་ར་སྤྲོད་བྱེད་པའི་ཁེ་ལས ༡༢ དང་འཁོར་རྒྱུག་ཚོང་དོན་རིགས་ཀྱི་ཁེ་ལས་ལ་བརྟག་ཞིབ་བྱས་ཏེ།  ཁེ་ལས་ཚན་པར་ནད་ཡམས་ཀྱིས་རྐྱེན་པས་རྒྱུན་གཏན་གཉེར་སྐྱོང་དང་དོན་དངོས་དཀའ་ངལ་ཤེས་རྟོགས་བྱས་ནས།  ཁེ་ལས་ཚན་པའི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་ལག་རྩལ་རང་བཞིན་གྱི་ཚོང་དོན་གནས་ཚུལ་ལ་བརྟག་ཞིབ་གང་ལེགས་བྱས་ཏེ།  ཁེ་ལས་ཚན་པས་འགག་སྒོའི་ལས་ཀའི་ཐད་བཏོན་པའི་རེ་ཞུ་དང་གྲོས་འགོར་ཉན་འཇོག་གང་ལེགས་བྱས་པ་རེད།

ལྷ་ས་འགག་སྒོའི་ཁོངས་གཏོགས་སྐྱིད་གྲོང་འགག་སྒོས་སྐྱིད་གྲོང་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་བཏོན་པའི་དོན་དངོས་དཀའ་ངལ ༣ བསྡུ་རུབ་བྱས་རྗེས།  འཕྲལ་དུ་སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ལྷན་དང་སྐྱིད་གྲོང་གྲོང་རྡལ་སྲིད་གཞུང་དང་འབྲེལ་གཏུག་བཞུགས་མོལ་བྱས་ཏེ།  ཁེ་ལས་ཀྱིས་ནེ་པ་ལའི་ཁྲོམ་རའི་གནས་ཚུལ་ལ་བསྟུན་ནས་ཉེ་དུས་ཀྱི་ཚོང་ཟོག་གཏོང་འདྲེན་འཆར་གཞི་ལུགས་མཐུན་བཟོས་ཏེ།  དགོས་མེད་ཀྱི་དཔལ་འབྱོར་གྱོང་གུན་ཉུང་དུ་གཏོང་དགོས་རྒྱུ་དུས་ཐོག་ཏུ་དྲན་སྐུལ་ཞུས་ཡོད།  
སྐྱིད་གྲོང་འགག་སྒོས་ད་དུང་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཀུང་སི་ཞིག་དང་འབྲེལ་བ་ཡོད་པའི་སྐབས་ཕྲལ་ས་མཚམས་ནས་འགྲོ་འོང་བྱེད་པའི་དུས་ཚོད་ཟིན་ཉེར་ཡོད་པའི་འགག་སྒོའི་ཞུ་ཡིག་འཛིན་ཤོག ༦ ལ་དམིགས་ནས།  གློག་རྡུལ་ཐོག་ནས་དུས་ཚོད་ནར་འགྱངས་བྱེད་པ་དང་ཤོག་ཐོག་འཛིན་ཡིག་རྗེས་གསབ་བྱེད་རྒྱུའི་བྱ་ཐབས་སྤྱད་དེ།  སྐབས་ཕྲལ་ས་མཚམས་ནས་འགྲོ་འོང་བྱེད་པའི་དུས་འགྱངས་འགྲོ་ལུགས་གཉེར་ཡོད་པས།  རིམས་ནད་ཐོན་རིང་ཁེ་ལས་ཀྱིས་ལས་སྒོ་གཉེར་ཡུལ་དུ་ཡོང་ཐབས་མེད་པའི་གནས་ཚུལ་ཐག་གཅོད་གང་ལེགས་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]