ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས༣༢གཅིག་སྡུད་ཐོག་ལས་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2020-03-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ ཚེས ༡༥ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་གྱིས་སྤྱི་ལོ ༢༠༢༠ ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་གྲོང་གསར་གྱི་ཨར་སྐྲུན་ས་ཚིགས་སུ་གཉེར་བ་རེད།  ད་ཐེངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་གཙོ་གནད་རྣམ་གྲངས ༣༢ ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར ༣༤༧.༣ བཏང་ཡོད་པ་དང་།  ལོ་འཁོར་གྱི་འཆར་གཞིར་མ་དངུལ་སྒོར་དུང་ཕྱུར ༡༢༦.༩ གཏོང་རྩིས་ཡོད་པ་དེ་དག་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོ་ལེགས་བཅོས།  ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད།  རྣམ་གྲངས་དེ་དག་མགྱོགས་མྱུར་འཛུགས་སྐྲུན་བྱེད་རྒྱུ་དང་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་རྒྱུ་དེས།  ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་མ་ཟད།  མི་དམངས་མང་ཚོགས་ཚོའི་ཐོབ་སྣང་དང་སྐྱིད་སྣང་།  བདེ་འཇགས་ཚོར་སེམས་བཅས་ཀྱང་ཆེ་རུ་འགྲོ་རྒྱུའི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]