རེ་བའི་ས་བོན་བཏབ་ནས་ལོ་ལེགས་འབྲས་བཟང་སྨིན་པར་ཤོག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་། བསོད་ནམས་ཉི་མ།      སྤེལ་དུས།   2020-03-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པར་དཔྱིད་ཀྱི་དཔལ་ཡོན་བཞད་འགོ་ཚུགས་ཤིང་།  ས་མཐོའི་ས་གནས་ཁག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་བྲེལ།  སྤྱི་ཟླ་གསུམ་པའི་ཚེས ༡༦ ཉིན་ནི་བོད་ལྕགས་བྱི་ལོའི་ཟླ་དང་པོའི་ཚེས་ཉི་ཤུ་གཉིས་ཡིན་པ་དང་།  ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ཆུ་ཤུར་རྫོང་དུ་ལོ་གཅིག་དུས་གཅིག་གི་རྨོད་གཉའ་བཅོག་པའི་མཛད་སྒོ་སྤེལ་ཡོད།  གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ཁའི་ཐོག་ཡོང་ནས།  ཕན་ཚུན་དཀར་གཙང་གི་ཁ་བཏགས་སྒྲོན་རེས་དང་རོ་མངར་གྱི་མཆོད་ཆང་བཀྱགས་རེས་སོགས་བྱས་ཏེ།  ཆར་ཆུ་དུས་སུ་བབས་པ་དང་ལོ་ཕྱུགས་རྟག་ཏུ་འཕེལ་བའི་སྨོན་འདུན་བཟང་པོ་ཞུས་ཡོད།

 

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཤེལ་གྲོང་གྲོང་ཚོར་རྨོད་གཉའ་གཅོག་པའི་མཛད་སྒོ་རྒྱས།

ནས་ནི་བོད་རིགས་མང་ཚོགས་ཀྱི་གཙོ་བོའི་བཟའ་བཅའ་ཡིན་ལ།  ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཡོངས་ཁུངས་གཙོ་བོ་ཞིག་ཀྱང་རེད།  སྤྱི་ལོ ༢༠༡༩ ལོར་རང་ལྗོངས་སུ་འབྲུ་རིགས་ཐོན་འབོར་ཀྲོན ༡༠༥ ཟིན་པའི་ཁྲོད་ནས་ཀྱི་ཐོན་འབོར་ཀྲོན ༨༡.༥ ཟིན་ཡོད།

 

ཆུ་ཤུར་རྫོང་ཤེལ་གྲོང་གྲོང་ཚོའི་གྲོང་མི་ཕན་ཚུན་མཆོད་ཆང་བཀྱགས་རེས་བྱས་ནས་འབྲས་བཟང་སྨིན་པའི་སྨོན་འདུན་ཞུས།

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་གྲོང་ཚོའི་གྲོང་མིས་ལྷ་རྒྱལ་འཐེན་ནས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༢༠ ལོར་རང་ལྗོངས་སུ་ནས་འདེབས་ཁྱོན་མུའུ་ཁྲི ༢༡༠ ཡན་ཟིན་པ་བྱ་རྒྱུ་དང་།  ད་དུང་མུ་མཐུད་ཧི་མ་ལ་ཡ་ཨང་༢༢པ་དང་བོད་ནས་ཨང་༢༠༠༠སོགས་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་བ།  སོན་བཟང་ཁྱབ་ཚད་བརྒྱ་ཆ ༩༠ ཡན་ཟིན་པ་འགན་སྲུང་བྱེད་པ་དང་ཆབས་ཅིག  ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི ༧༥ བཟོ་བ་དང་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི ༡༠༠ ཡན་ཟིན་པ་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]