གནའ་གྲོང་ལྷ་ས་ཁ་བའི་སྲབ་འཇམ་ན་བཟས་བཀླུབས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཁ་རྒྱུན་དུ་དཔྱིད་ཟླ་རིང་མོ་གྲང་གསུམ་དྲོ་གསུམ་ཟེར་བ་ལྟར།  མཚན་ཡུན་གཅིག་གི་དུས་ཚོད་ནང་དཔྱིད་རླུང་ཁྲོད་ཀྱི་གནའ་གྲོང་འདི་ཉིད་ཁ་བའི་སྲབ་འཇམ་ན་བཟས་བཀླུབས་ཅིང་།  ལྷ་ལྡན་ཞིང་དེས་མི་རྣམས་ཀྱི་ཡིད་དབང་བཀུག་ཤུགས་དེ་བས་ཆེ་རུ་ཕྱིན་པས།  དྲ་ཐོག་དང་སྐད་འཕྲིན་གྲོགས་ཚོགས་ཁག་ཏུ་དཔྱིད་ཀྱི་ཁ་བས་རྒྱན་པའི་མཛེས་ལྗོངས་འདི་ལྟ་བུར་བསྔགས་བརྗོད་མི་བྱ་ག་ལ་སྲིད།

 

རྨོད་གཉའ་གཅོག་པའི་མཛད་སྒོ་མཇུག་སྒྲིལ་མ་ཐག་རྟགས་དང་རྟེན་འབྲེལ་བཟང་བའི་ཁ་བ་འབབ་པ་དེས།  རང་ལྗོངས་ཀྱི་མཁའ་རླུང་གཙང་སེལ་དང་ཐལ་རླུང་འཇག་རྒྱུ།  ས་རྒྱུའི་བཞའ་ཚན་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ཕན་པ་ཡོད་པ་མ་ཟད།  ལོ་ཏོག་སྐྱེ་འཚར་ལའང་ཕན་པ་ངེས་ཅན་ཡོད་པས་ཁ་བ་དེས་ད་ལོ་སོ་ནམ་པ་ཚོར་ལོ་ལེགས་ཡོང་རྒྱུའི་རྟེན་འབྲེལ་བཟང་པོ་ཤིག་འགྲིག་ནས་ཡོད།།

 

ལྗོངས་གནམ་གཤིས་ལས་ཁུངས་ནས་ངོ་སྤྲོད་བྱས་པར་གཞིགས་ན།  གཟའ་འཁོར་འདིའི་གཟའ་ཕུར་པ་ནས་གཟའ་ཉི་མའི་བར་ནག་ཆུའི་དབུས་ཤར་རྒྱུད་དང་ཉིང་ཁྲི།  ཆབ་མདོ་བཅས་སུ་གངས༼ཆར་པ༽ཆུང་་འབབ་རྒྱུ་དང་།  དེ་མིན་གྱི་ས་བབ་མཐོ་བའི་རི་ཁུལ་ཁག་ཅིག་ཏུ་གངས་འབྲིང་བ་འབབ་རྒྱུ།  ལྷ་ས་དང་ལྷོ་ཁ།  གཞིས་རྩེའི་ཤར་ལྷོའི་མཚམས་སུ་གནམ་འཐིབས་རྒྱུ་དང་མཚམས་རེ་གངས༼ཆར་པ༽ཆུང་བ་འབབ་རྒྱུ།  དེ་མིན་གྱི་ས་ཆ་ཁག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ་རེད་འདུག

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]