ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ནས་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་ཐད་རོགས་རམ་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2020-03-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལྟ་ནི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་ལ་བོད་དུ་ཕྱིར་ལོག་བྱས་ནས་ལས་ཀ་བསྐྱར་ཚུགས་བྱེད་པའི་དུས་ཀྱང་ཡིན་ཞིང་།  རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་བསྐྱར་ཚུགས་ཀྱི་ལས་དོན་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱ་ཆེད།  ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་གྱིས་བསྐྲུན་ཟིན་པའི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོའི་སྡོད་ཁང་དེ་བོད་དུ་ཕྱིར་ལོག་བྱེད་མཁན་ཁེ་ལས་ཀྱི་མི་སྣའི་གཅིག་སྡུད་ལོགས་དབྱེ་ལྟ་ཞིབ་ལྟེ་གནས་སུ་བྱས་ཏེ།  དུས་དང་ཁག་བགོས་ནས་བོད་དུ་ཕྱིར་ལོག་བྱེད་མཁན་ལས་མིར་ཚད་ལྡན་ངང་ལོགས་དབྱེ་བྱས་ནས་ཁེ་ལས་ཀྱི་ལས་ཀ་བདེ་བླག་ངང་བསྐྱར་ཚུགས་ཐུབ་རྒྱུར་རམ་འདེགས་བྱས་ཡོད།  
ཤེས་རྟོགས་བྱུང་བར་གཞིགས་ན།  ལོགས་དབྱེ་ལྟ་ཞིབ་ལྟེ་གནས་སུ་ཁྱོན་སྡོད་ཁང་ ༧༡༨ དང་ཉལ་ཁྲི ༡༢༢༠ ཡོད་པ་དང་།  ད་ལྟ་གཅིག་སྡུད་ཐོག་ལོགས་དབྱེ་བྱས་པའི་མི་སྣའི་གྲས་སུ་ལྷ་ཉིང་ལྕགས་ལམ་དང་མཐའ་སྲུང་གཞུང་ལམ།  གནས་སྤོས་ཁང་པ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མཁན་གྱི་ཨར་བསྐྲུན་པ ༦༥༦
ཡོད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]