ལྷ་སས་དུད་ཚང་དུ་བསྐྱོད་དེ་གློག་འཕྲིན་དྲ་བའི་ཁ་བསླུས་སྔོན་འགོག་ཤེས་བྱ་སྒྲོག་འགྲེལ་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གློག་འཕྲིན་དྲ་བའི་ཁ་བསླུས་ཉེས་གསོག་ལ་སྔོན་འགོག་བྱེད་པའི་གྲོང་མི་མང་ཚོགས་ཀྱི་འདུ་ཤེས་དང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད།  ཉེ་དུས་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན།  བཀྲ་ཤིས་མངག་གཏོང་ཁང་།  དེ་བཞིན་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་བཅས་ཀྱིས་མཐུན་སྒྲིལ་གྲོང་གསར་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དང་གཞུང་གི་བོགས་གཏོང་ཁང་པར་བསྐྱོད་དེ།  གློག་འཕྲིན་དྲ་བའི་ཁ་བསླུས་ཉེས་གསོག་གི་ཁྱད་ཆོས་དང་དོགས་ཡོད་ཉེས་ཅན་གྱི་རྒྱུན་སྤྱོད་བྱ་ཐབས་སོགས་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་།  གྱོད་དཔེའི་ཐོག་ནས་ཁྲིམས་ལུགས་གསལ་བཤད་བསླབ་བྱ་བརྒྱབ་ནས་གློག་འཕྲིན་དྲ་བའི་ཁ་བསླུས་ཕོག་ཚེ་གྲོང་མི་མང་ཚོགས་ཚོས་ཕྲལ་དུ་ཉེན་རྟོག་ཕྱོགས་ལ་སྙན་གསེང་ཞུས་ནས་རོགས་སྐྱོར་ཐོབ་རེ་བྱེད་དགོས་རྒྱུའི་དྲན་སྐུལ་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]