བོད་ཀྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་མཛེས་རྩལ་ཁང་སྐྲུན་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེ ༢༣ ཉིན  ཐུང་ཅིད་སློབ་ཆེན་ཨར་སྐྲུན་འཆར་འགོད་ཞིབ་འཇུག་ཁང་ཚོགས་པཚད་ཡོད་ཀུང་སིས་འཆར་འགོད་བྱས་པའི་བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་དེ།  སྔོན་མའི་ལྷ་ས་ཨར་འདམ་བཟོ་གྲྭ་གནས་ཡུལ་དུ་སྐྲུན་འགོ་ཚུགས་པ་རེད།

བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་དེ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་ས་བོད་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ།  བོད་ལྗོངས་གསར་པའིསྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་དང་རང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་ཁྱབ་ཁོངས་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན།

མཛེས་རྩལ་ཁང་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་མཛེས་རྩལ་ཁང་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་མཛེས་རྩལ་ཁང་གི་དམིགས་ཚད་དུ་བྱས་ནས།  ཉར་ཚགས་དང་འགྲེམས་སྟོན།  ཞིབ་འཇུག  སྤེལ་རེས།  སློབ་གསོ།  ཁྱབ་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་དང་རྒྱལ་སྤྱི་ཅན།  གྲངས་གཞི་ཅན་བཅས་ཀྱི་ཕྱོགས་བསྡུས་མཛེས་རྩལ་ཁང་ཆེ་གྲས་ཤིག་ཏུ་སྐྲུན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ་གསུམ་པའི་ཚེས ༢༣ ཉིན་བོད་ལྗོངས་མཛེས་རྩལ་ཁང་དེ་སྐྲུན་འགོ་ཚུགས་ཤིང་།  ཁྱབ་ཁོངས་གཙོ་བོའི་ཁུལ་ཀ་པ་དང་ཁ་པ་གཉིས་ཀྱི་ལས་གྲྭ་སྤྱི་ལོ ༢༠༢༡ ལོའི་ཟླ་བདུན་པའི་ནང་མཇུག་སྒྲིལ་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག་འགྲེམས་ཁང་གཙོ་བོ་སྒོ་དབྱེ་ནས་གཉེར་སྐྱོང་ཐུབ་རྒྱུ་འགན་ལེན་བྱས་ཏེ།  སྤྱི་ལོ ༢༠༢༡ ལོར་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་བའི་རྟེན་འབྲེལ་ཕྱགས་རྟགས་སུ་འགྱུར་བ་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]