ལྷུན་གྲུབ་རྫོང་གིས་མེ་ཏོག་རྟེན་གཞི་ཆེ་ཤོས་གཏོད་ནས་མང་ཚོགས་འབབ་འཕར་ཡོང་ཐབས་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད།  ད་ལོ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གིས་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་རིག་ནུས་དྲོད་ཁང་དང་མུ་འབྲེལ་དྲོད་ཁང་བེད་སྤྱད་དེ་མེ་ཏོག་འདེབས་འཛུགས་བྱས་ནས།  ལྷ་ས་གྲོང་ཁྱེར་གྱི་མེ་ཏོག་རྟེན་གཞི་ཆེ་ཤོས་གཏོད་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཁྱིམ་ནས་བྲལ་མི་དགོས་པར་ལས་ཞུགས་ཐུབ་པ་བྱེད་རྒྱུ་ཡིན།

སྤྱི་ལོ ༢༠༡༩ ལོའི་ཟླ ༡༠ པར་གླིང་ཁུལ་དུ་དྲོད་ཁང་ཆེ་མོ་སྒྱུར་བཀོད་དང་མེ་ཏོག་འདེབས་འཛུགས་བྱས་པས་མུའུ ༢༤ ཙམ་ཡོད་པའི་རྟེན་གཞི་སྐྲུན་པ་དང་མེ་ཏོག་སྣ་ཁ ༣༠ ལྷག་ཙམ་ཟིན་གྱི་ཡོད།  གོམ་སྟབས་རྗེས་མར་མེ་ཏོག་རྟེན་གཞིའི་གཞི་ཁྱོན་མུའུ ༣༠ ལྷག་ཙམ་བར་རྒྱ་སྐྱེད་བཏང་ནས་ལྷ་ས་གྲོང་ཁྱེར་ཁུལ་གྱི་མེ་ཏོག་རྟེན་གཞི་ཆེ་ཤོས་སུ་གཏོད་རྩིས་ཡོད། །

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]