སྒྲོག་འགྲེལ་སེམས་ལ་ཟུག་པ་བྱས་ནས་དུས་རབས་ཀྱི་དུང་སྒྲ་སྒྲོག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧེ་ཤི་ཡན།      སྤེལ་དུས།   2020-03-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  ལྷ་ས་གྲོང་ཁྱེར་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས།  ལས་དོན་དེ་གནས་བབས་ངེས་ཅན་ཞིག་ཏུ་སླེབས་པ་བྱས་ཏེ་རིམ་ཁག་སྒྲོག་འགྲེལ་པས་ཁྲོམ་གཞུང་དང་སྒོ་ར།  ཞིང་མུ་དང་འབྲོག་ཐང་སོགས་སུ་སྒྲོག་འགྲེལ་ཁ་ཕྱོགས་དམ་འཛིན་དང་བྱ་ཐབས་སྣ་ཚོགས་སྟབས་བསྟུན་ངང་སྤྱད་དེ།  བརྗོད་དོན་གཙོ་བོ་ཁ་གསལ་དང་བྱ་ཐབས་སྣ་མང་གི་དྲིལ་བསྒྲགས་གཅིག་སྡུད་ཐོག་སྤེལ་བས།  མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཅང་ཁུན་ཧོང་ཞའོ་ཡུང་རེ་བའི་སློབ་ཆུང་གིས་དོན་དངོས་ལ་གཞི་ཚུགས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཡ་རབས་གུས་སྲོལ་གླུ་གཞས་གསར་རྩོམ་བྱས་ནས།  གཞོན་ནུ་ལོ་ཆུང་སློབ་མ་ཚོས་གླུ་གཞས་བརྒྱུད་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་འགྲོ་ཐབས་བྱས་པ་དང་།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སེམས་ནང་ཟུག་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།

སྣེའུ་ཁུལ་གསར་སྣེའུ་གྲོང་ཚོར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་པ་འཇིགས་མེད་རིག་འཛིན་གྱིས་རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་ཇ་ཁང་དང་ཞིང་མུ།  འབྲོག་ཐང་།  དུད་ཚང་བཅས་སུ་གོ་བདེ་བའི་སྐད་ཆའི་ཐོག་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་གྲོང་མི་མང་ཚོགས་ཚོའི་སེམས་ནང་ཟུག་པ་བྱས་པར་རྒན་གཞོན་ཚང་མའི་བསྔགས་བརྗོད་ཐོབ་ཡོད།  འཇིགས་མེད་རིག་འཛིན་ནས།  ངས་རང་ཉིད་ཀྱི་མྱོང་ཚོར་ནས་འགོ་བཙུགས་ཏེ་གྲོང་མི་ཚོར་སྣེའུ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག  རང་ཉིད་ཀྱི་སློབ་སྦྱོང་དང་འཚར་ལོངས་ཀྱི་བརྒྱུད་རིམ་སོགས་གླེང་བས།  བསམ་ཡུལ་ལས་འདས་པ་ཞིག་ལ་གྲོང་མི་ཚོས་ཉན་འདོད་དང་རྒྱབ་སྐྱོར་ཆེན་པོ་གནང་བ་དེས་སླད་ཕྱིན་ངས་སྒྲོག་འགྲེལ་བྱེད་སྟངས་ཁ་ཕྱོགས་བརྟན་དུ་ཕྱིན་སོང་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་རིམས་ནད་འགོག་ཟོན་ཁྲོད་ཕྱིར་ཉུང་ཙམ་དོན་པ་དང་འདུ་འཛོམས་མི་བྱེད་པའི་བླང་བྱ་ལྟར་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྒྲོག་འགྲེལ་པས་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས།  ཡ་རབས་ལ་སྣང་ཆེན་བྱས་ཏེ་འཚོ་བར་དགའ་ཞེན་བྱེད་པའི་ནང་དོན་དང་རིམས་ནད་འགོག་ཟོན་གཉིས་ཟུང་འབྲེལ་བྱས་ཐོག་སྒྲོག་འགྲེལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]