ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་མཉམ་འཛོམས་ཀྱི་ཆུ་མོག་སྟོན་མོ་བཤམས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2020-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྟོན་ཟླ་ར་བའི་དུས་བཟང་འདིར་ཤིང་འབྲས་སྣ་ཚོགས་སྨིན་པའི་བྲོ་ཞིམ་གང་སར་འཐུལ།  སྤྱི་ཟླ་དགུ་པའི་ཚེས ༢༢ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུག་འདུན་མཉམ་དུ་སྐྲུན་ཞེས་བརྗོད་གཞིར་བྱས་པའི་མི་རིགས་མཐུན་སྒྲིལ་མཉམ་འཛོམས་ཀྱི་ཆུ་མོག་སྟོན་མོ་བཤམས་ནས།  རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཟླ་བ་ཐེངས་སུམ་ཅུ་པར་རྟེན་འབྲེལ་ཞུས་ཡོད།

ཆུ་མོག་བཟོ་བའི་བྱེད་སྒོའི་ཁྲོད།  དཔྱད་འདེམས་པས་བརྩམ་བྱའི་ངོ་སྤྲོད་དང་བཟོ་དབྱིབས།  སྒྲིག་སྟངས་སོགས་གཞིར་བཟུང་བྱ་དགའ་རིམ་པ་དང་པོ་གཅིག་དང་རིམ་པ་གཉིས་པ་གཉིས།   རིམ་པ་གསུམ་པ་གསུམ་དང་།  དེ་བཞིན་བསྟོད་བསྔགས་རག་མང་ཤོས་ཀྱི་བརྩམ་བྱའི་བྱ་དགའ་གཅིག་བཅས་བདམས་ཡོད།

ཝ་པ་གླིང་སྡེ་ཁུལ་གྱི་གྲོང་མི་ཨབ་ཏུས།  ང་བྱེད་སྒོ་འདི་འདྲའི་ནང་ཞུགས་ཐེངས་དང་པོ་ཡིན།  གོ་སྐབས་འདི་དང་བསྟུན་ནས་གྲོང་པ་ཁྱིམ་མཚེས་ཚོ་དང་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ།  ཆུ་མོག་བཟོ་སྟངས་ཤེས་པར་ཡང་དེ་བས་དགའ་པོ་བྱུང་ཅེས་བཤད།

ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ། ཁྲེང་ཀོན་ཆུས་ཀྱི་ཧྲུའུ་ཅི་ཀྲང་ཀྲེང་གིས།  མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས།  ང་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་།  རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་ཀྱི་རེད།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་རྒྱུན་མཐུད་ལྷོད་མེད་ངང་སྤེལ་ནས།  ནུས་ཤུགས་ཡོད་རྒུས་ལས་ཁུངས་དང་ཁེ་ལས།  སྡེ་ཁུལ།  ཤང་གྲོང་།  སློབ་གྲྭ  དམག་སྒར།  དགོན་སྡེ་སོགས་ནང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཀྲ་བ་བཞད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད།  ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་བྱས་ནས།  ཁྲེང་ཀོན་ཆུས་འདི་ཉིད་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་ཡག་པོ་ཡོང་རྒྱུར་སྐུལ་འདེད་ཀྱང་གཏོང་རྒྱུ་ཡིན་ཞེས་གསུངས།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]