རང་ལྗོངས་ཀྱི་འཇོན་གྱུར་བུམ་པའི་སློབ་ཆེན་སློབ་མའི་ལས་གཏོད་འགྲན་བསྡུར་སྐབས་བདུན་པ་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་།  ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།  ལྗོངས་ཚན་རྩལ་ཐིང་།  ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  ལྗོངས་ཚན་རྩལ་མཐུན་ཚོགས།  ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི།  བོད་རང་སྐྱོང་ལྗོངས་ཀྱི་འཇོན་གྱུར་བུམ་པའི་སློབ་ཆེན་སློབ་མའི་ལས་གཏོད་འགྲན་བསྡུར་སྐབས་བདུན་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་།   ལས་ཞུགས་ལས་གཏོད་བྱུང་ཚུལ་མཉམ་སྤྱོད་བྱེད་པའི་འདུ་ཚོགས་ཉེ་དུས་སྤེལ་བ་རེད།

བྱེད་སྒོའི་ནང་ད་དུང་ཕུལ་བྱུང་གཞོན་ནུ་ལས་གཏོད་པ་གདན་ཞུ་བྱས་པ་མ་ཟད།  ལྗོངས་ཕྱིར་ལས་ཞུགས་དང་ཁྲོམ་རའི་ཐོག་ཏུ་ལས་ཞུགས་ཐུབ་པའི་སློབ་ཐོན་པའི་དཔེ་མཚོན་ལ་བརྟེན་ནས་ལས་ཞུགས་ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་ཀྱི་འདུ་ཚོགས་གཉེར་ཏེ།  རྒྱ་ཆེའི་སློབ་ཐོན་པའི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད།  ཡང་དག་པའི་ལས་འདེམས་ལྟ་བ་འཛུགས་རྒྱུ་དང་སློབ་ཐོན་པས་ལྗོངས་ཕྱིར་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་རྒྱུ།  རང་ཉིད་ལ་བརྟེན་ནས་ལས་གཏོད་བྱེད་རྒྱུ་བཅས་ལ་ཡང་ཁྲིད་སྟོན་ཧུར་ཐག་བྱས་ནས།  རང་ངོས་ཀྱི་སྤྱང་གྲུང་དང་བློ་གྲོས།  འབད་འཐབ་བཅས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པ་བྱ་རྒྱུའི་སྐུལ་མ་བཏང་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  བོད་རང་སྐྱོང་ལྗོངས་ཀྱི་འཇོན་གྱུར་བུམ་པའི་སློབ་ཆེན་སློབ་མའི་ལས་གཏོད་འགྲན་བསྡུར་སྐབས་བདུན་པ་སྤྱི་ཟླ ༧ པར་འགོ་ཚུགས་པ་ནས་བཟུང་།  དུས་ཡུན་ཟླ་བ་གཉིས་ལྷག་ཙམ་རིང་གི་བྱེད་སྒོའི་ནང་རྒྱ་ཆེའི་སློབ་མ་ཚོས་ཧུར་ཐག་ཞུགས་ཡོད།  སློབ་གྲྭའི་ནང་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་དང་།  ལྗོངས་ཡོངས་ཀྱི་འགྲན་བསྡུར་བསྐྱར་མ་དང་མཐའ་བསྡུར་བྱས་པ་བརྒྱུད།  རྣམ་གྲངས ༨༤ རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་བསྐྱར་མའི་ནང་ཚུད་ཡོད་པ་དང་།  རྣམ་གྲངས ༤༥ མཐའ་བསྡུར་ནང་ཚུད་ཡོད།  འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་མཐར་རྣམ་གྲངས ༡༤ མཐའ་བསྡུར་ནང་གཟེངས་སུ་ཐོན་ཏེ་གསེར་དངུལ་ཟངས་གསུམ་གྱི་བྱ་དགའ་དང་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད་ལ།  རྣམ་གྲངས ༡༡ ཀྲུང་གོའི་སློབ་ཆེན་སློབ་མའི་འགྲན་སློང་བུམ་པའི་ལས་གཏོད་འཆར་གཞིའི་འགྲན་བསྡུར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཁྱོན་གྱི་འགྲན་བསྡུར་ནང་ཞུགས་རྒྱུར་འོས་སྦྱོར་ཡང་བྱས་པ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]