བོད་ལྗོངས་སློབ་གྲྭ་ཆེ་མོའི་ས་མཐོའི་གསོ་རིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༢༢ ཉིན།  བོད་ལྗོངས་སློབ་གྲྭ་ཆེ་མོའི་གསོ་རིག་སློབ་གླིང་དང་བོད་ལྗོངས་སློབ་གྲྭ་ཆེ་མོའི་ས་མཐོའི་བདེ་ཐང་ཞིབ་འཇུག་ལྟེ་གནས།  བོད་ལྗོངས་སློབ་གྲྭ་ཆེ་མོའི་ཞིབ་འཇུག་སློབ་མའི་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁྲུའུ་བཅས་ཀྱིས་གཙོ་གཉེར་བྱས་པའི།  བོད་ལྗོངས་སློབ་གྲྭ་ཆེ་མོའི་ས་མཐོའི་གསོ་རིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་སློབ་ཆེན་ཁག་གི་དགེ་རྒན་ཆེ་མོ་བ་དང་གསོ་རིག་ཐད་ཀྱི་གྲགས་ཅན་མཁས་དབང་གདན་འདྲེན་ཞུས་ནས།  བརྗོད་དོན་གཙོ་བོའི་གཏམ་བཤད་དང་འཆད་ཁྲིད་གནང་བ་མ་ཟད་གཞོན་ནུའི་རིག་གཞུང་གླེང་སྟེགས་ཀྱང་སྤེལ་ཡོད།

བོད་ལྗོངས་སློབ་གྲྭ་ཆེ་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་སློབ་སྤྱི་གཞོན་པ་ཅིན་ཡུང་པིང་ནས།  ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་ས་མཐོའི་གསོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་པར་སློབ་སྦྱོང་དང་སྤེལ་རེས་ཀྱི་སྟེགས་བུ་ཞིག་སྐྲུན་ཡོད་པས།  རྒྱལ་ཁབ་ཕྱི་ནང་དུ་ས་མཐོའི་གསོ་རིག་རིག་ཚན་གྱི་ཁྱབ་ཚད་ཆེ་རུ་གཏོང་རྒྱུ་དང་།  བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་ཚན་ཁག་རྩེ་གྲ་གཉེར་རྒྱུ།  ལྷག་པར་དུ་ས་མཐོའི་གསོ་རིག་ཁྱབ་ཁོངས་སུ་བོད་ལྗོངས་སློབ་གྲྭ་ཆེ་མོའི་ཞིབ་འཇུག་ནུས་པ་དང་རིག་ཚན་གྱིས་ཕན་པ་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཅེས་གསུངས།།

པར་རིས་ཡོངས་ཁུངས། ལྷག་པ་བསམ་གྲུབ། 

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]