དགེ་རྒན་ཆེ་མོ་བསྟན་པ་རབ་བརྟན་ལགས་ཀྱི་མཐོ་རིམ་མཛེས་རྩལ་སློབ་གསོའི་རིག་གཞུང་བགྲོ་གླེང་ལྷ་སར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༣ ཉིན་གྱི་སྔ་དྲོ།  བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གིས་གཙོ་གཉེར་བྱས་པའི་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་ལགས་ཀྱི་མཐོ་རིམ་མཛེས་རྩལ་སློབ་གསོའི་རིག་གཞུང་བགྲོ་གླེང་འདུ་ཚོགས་བོད་ལྗོངས་སློབ་ཆེན་མི་རིགས་རིག་གནས་ལྟེ་གནས་སུ་གཉེར་བ་དང་།  དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་ལགས་ལ་བོད་ཀྱི་མཐོ་རིམ་མཛེས་རྩལ་སློབ་གསོའི་ཐད་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན་གྱི་མཚན་སྙན་ཡང་ཕུལ་བ་རེད།

དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་ལགས་ནི་བོད་ཀྱི་ཐང་གའི་སྨན་ཐང་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་གི་རྒྱུན་འཛིན་པ་ཞིག་དང་།  བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་པོ།  རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་བཅས་ཡིན།  དེང་རབས་ཀྱི་བོད་རིགས་མཛེས་རྩལ་སློབ་གསོ་མཁས་ཅན་ཞིག་ཡིན་པའི་ངོས་ནས།  རི་མོའི་ལག་རྩལ་དང་སློབ་གསོའི་འདུ་ཤེས།  སྒྱུ་རྩལ་གསར་གཏོད་ཀྱི་སྙིང་སྟོབས་བཅས་ལས་བོད་ཀྱི་མཐོ་རིམ་མཛེས་རྩལ་སློབ་གསོའི་མ་ལག་འཛུགས་སྐྱོང་དང་འཕེལ་རྒྱས་ཐད་ལེགས་སྐྱེས་གང་ལེགས་ཕུལ་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་འགྲེམས་སྟོན་ཐོག་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་དང་ཁོང་གི་སློབ་མའི་ཐང་ག་རྩེ་གྲ༼ སྟོན་པ་གཙོ་འཁོར་གསུམ། ༽དང་༼ ཕྱག་ན་རྡོ་རྗེ། ༽  ༼ ཚེ་དཔག་མེད། ༽  ༼ འཇམ་པའི་དབྱངས། ༽  ༼ དབྱངས་ཅན་མ། ༽  ༼ རྗེ་ཙོང་ཁ་པ། ༽  ༼ བདེ་མཆོག་རྡོ་རྗེ། ༽  ༼ སྒྲོལ་ལྗང་།༽སོགས་བརྒྱ་ཙམ་འདུས་འགྲེམས་བྱས་ཡོད་པ་དེ་དག་གི་རི་མོའི་ནང་དོན་ཕུན་སུམ་ཚོགས་པ་དང་སྐུ་བརྙན་བཞེངས་རྩལ་གཟབ་ནན།  བརྗོད་གཞི་ཕུན་སུམ་ཚོགས་པ།  ཚོན་མདངས་བཀྲ་བ་སོགས་ལས་སྲོལ་རྒྱུན་གྱི་ཐང་གའི་ལག་རྩལ་གང་ལེགས་མངོན་ཡོད།  དེ་དག་གི་ཐོག་ནས་བོད་རིགས་ཀྱི་སྲོལ་རྒྱུན་མཛེས་རྩལ་སློབ་གསོའི་ཐད་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་ལགས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མངོན་ཡོད་ལ།  སྲོལ་རྒྱུན་གྱི་རི་མོ་དེང་རབས་སུ་འཕེལ་རྒྱས་འགྲོ་བའི་མཚོན་བྱེད་གལ་ཆེན་ཀྱང་ཡིན།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]