您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ ༡༡ པའི་ཚེས ༢༠ ཉིན། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱེད་མཁན་རང་ལྗོངས་ཀྱི་ཡུལ་དམག་སྐོར་སྲུང་ཡན་ལག་རུ་ཁག་ཐོག་མ་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་བཙུགས་པ་དང་། རུ་མི ༣༠ ཡིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་ནང་གི་དོ་དམ་སྲུང་སྐྱོང་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དེ་སྤྱི་ལོ ༡༩༩༣ ལོར་བཙུགས་པ་དང་། སྤྱི་ལོ ༢༠༠༣ ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར་བ་རེད། ལོ་ལྟར་གྱི་སྤྱི་ཟླ ༡༠ པའི་ཟླ་དཀྱིལ་ནས་བཟུང་ཁྲུང་ཁྲུང་སྐེ་ནག་འབོར་ཆེན་སྲུང་སྐྱོང་ཁུལ་ནང་འཕུར་ཡོང་ནས་དགུན་འགྲོལ་དུ་སླེབས་ཀྱི་ཡོད།།