您没有安装FlashPlayer或版本太低, 请点击获得最新版本FlashPlayer
གཤིན་མཚོ་ནི་རང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་གནས་ཤིང་། ཉང་ཆུའི་ཡན་ལག་ཆུ་བོ་ཆེ་ཤོས་བྲག་གསུམ་གཙང་པོའི་སྟོད་རྒྱུད་ཀྱི་བྲག་གསུམ་མཚོ་དང་བར་ཐག་སྤྱི་ལེ ༣༢ ཀྱི་སར་ཡོད་པ་དང་། བྲག་གསུམ་མཚོའི་མཚོ་ལག་མཛེས་ལྗོངས་ཤིག་རེད། མཚོ་ངོས་ཀྱི་མཐོ་ཚད་ལ་རྨིད ༣༦༠༠ ཡོད་པ་དང་མཚོ་སྟོད་ཁ་ཞེང་ཆེ་ལ་མཚོ་སྨད་ཁ་ཞེང་ཆུང་ཞིང་ལྒང་བུའི་དབྱིབས་ལྟར་ཆགས་ཡོད། མཚོའི་རིང་ཚད་ལ་སྤྱི་ལེ ༧ དང་ཞེང་ཚད་ལ་སྤྱི་ལེ ༡.༥ ཟིན་གྱི་ཡོད། མཚོ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ ༡༢.༥ ཡོད། གནས་དེའི་མཛེས་ལྗོངས་ལྟ་ན་སྡུག་ལ་དྭངས་ཤིང་གཙང་བའི་ཆུ་བོ་དེ་དག་ཀྱང་གྱུ་གྱུའི་ཆུ་ལམ་བརྒྱུད། རི་འདབས་ཀྱི་གདོད་མའི་ནགས་ཚལ་འོག་ཏུ་བདེ་བས་མྱོས་ཏེ་ཁུ་སིམ་མེར་ཐག་རིང་དུ་བཞུར་བཞིན་མཆིས། རང་བྱུང་ཁམས་ཀྱི་གདོད་མའི་ཡུལ་ལྗོངས་རང་སོར་གནས་ཤིང་མིག་ལྡན་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་བལྟས་པ་ཙམ་ལས་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་སྲིད།།