ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོར་གནས་པའི་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གདོད་མའི་གསོམ་ཤིང་ནགས་གླིང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་གསོམ་ཤིང་ནགས་གླིང་དེ་རྒུ་ཤང་རྦ་ཁ་གྲོང་ཚོའི་ནུབ་ངོས་དང་།  རྒྱལ་ལམ ༣༡༨ ནས་བར་ཐག་སྤྱི་ལེ ༦ དང་སྤོ་བོ་རྫོང་ནས་བར་ཐག་སྤྱི་ལེ ༢༢ ཀྱི་སར་གནས་ཡོད།  སྲུང་སྐྱོང་ཁུལ་དེའི་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ ༡༢ ཙམ་དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ ༢༤ ཙམ་ཟིན་གྱི་ཡོད།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས ༤༦༠༠ ལྷག་ཙམ་ཟིན་པའི་ཁྲོད།  ནགས་ཚལ་ཁྱབ་ཚད་སྤྱི་ཆིངས ༢༨༠༠ ལྷག་ཙམ་ཟིན་ནས་ཁེབ་ཚད་བརྒྱ་ཆ ༦༡ ཡན་ཟིན་གྱི་ཡོད།

ཁུལ་དེར་འཛམ་གླིང་ཐོག་ཆེས་དཀོན་པའི་གསོམ་ཤིང་དང་ཐང་ཤིང་།  རི་མཐོའི་ཐང་ཤིང་སོགས་རྩི་ཤིང་སྐྱེ་འཚར་བྱེད་ཀྱི་ཡོད་པ་མ་ཟད།  ནགས་གསེབ་ཁྲོད་འཚོ་སྡོད་བྱེད་མཁན་གྱི་རི་དྭགས་ཀྱང་དགོ་བ་དང་གཟིག  གཉན།  དོམ།  སྤྲེའུ།  ཤྭ་བ།  ནེ་ཙོ་སོགས་རྩ་ཆེའི་སྲོག་ཆགས་མང་པོ་ཡོད།  སྤྱི་ལོ ༡༩༨༤ ལོར་ཐོན་ཁུངས་ལེགས་པའི་ཁབ་ལོའི་ནགས་གླིང་སྲུང་སྐྱོང་གཙོ་བོར་བྱས་པའི་ནགས་ཚལ་སྐྱེ་ཁམས་མ་ལག་ཁྲོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏན་འཁེལ་བྱས་པ་དང་།  སྤྱི་ལོ ༢༠༠༥ ལོར་ཀྲུང་གོའི་རྒྱལ་ཁབ་ས་ཁམས་ཞེས་པའི་དུས་དེབ་ནང་རང་རྒྱལ་གྱི་གདོད་མའི་ནགས་ཚལ་མཛེས་ཤོས་བཅུའི་གྲས་སུ་བདམས་ཡོད།།







  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]