您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༠ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་དང་། རང་ལྗོངས་ཀྱི་ས་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི ༣༧༠ ལྷག་ཙམ་གྱིས། ལྗོངས་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བསྣམས་ཏེ། སྤོབས་སེམས་ཆེན་པོས་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོའི་ནང་བསྐྱོད་ནས། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབས་ཡོད།།