您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༡ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་དང་། ཚོགས་ཆེན་ཐོག་ཨུ་ཡོན་པད་མ་དབང་མོ་དང་མིང་ཝུའུ། སྐལ་བཟང་གཡུ་སྒྲོན། ཧོ་ཏེ་མཱི་སོགས་ནས་རང་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོས་དོ་ཁུར་ཆེན་པོ་གནང་བའི་གནད་དོན་ཁག་དང་འབྲེལ་ཏེ། ནད་ཡམས་འགོག་བཅོས་དང་ལས་ཞུགས། སྐྱེ་ཁམས་སྲུང་སྐྱོང་། དབུལ་སྐྱོར་སོགས་ཀྱི་སྐོར་ལ་གཏམ་བཤད་སྤེལ་གནང་བ་རེད།།