您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་འཐུས་མི་ཚོས་མུ་མཐུད་ཚོགས་ཆུང་ཁག་བགོས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་མ་ཟད། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་རྩ་གནད་འཆར་ཟིན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་ཞིབ་བཤེར་ཡང་གནང་བ་རེད།
འཐུས་མི་ཚོས་དབུལ་གྲོལ་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གང་བསམ་ལྷུག་གླེང་ངང་ཐབས་ཇུས་དང་གྲོས་འགོ་བཏོན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།།