རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་འབྱོར་ཐོ་བཀོད།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-03-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༣ ཉིན་གྱི་ཆུ་ཚོད ༡༣ པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོ་པེ་ཅིང་དུ་ཕེབས་འབྱོར་བྱུང་སྟེ་ཚོགས་འདུ་གཉིས་ལ་འབྱོར་ཐོ་བཀོད་ཡོད།

ལམ་བར་དུ་འཐུས་མི་དང་ཨུ་ཡོན་ཚོས་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས།  མཐའ་མཚམས་སྟོབས་ཆེར་གཏོང་རྒྱུ་སོགས་དོན་ཆེན་བཞིར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་རྒྱུ་དང་།  ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་སོགས་ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་གནང་བ་རེད།

ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་།  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་བའི་གལ་ཆེའི་དུས་སུ་པེ་ཅིང་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་ཏེ།  ཧ་ཅང་ལྕི་བའི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་འཁུར་རྒྱུ་བྱུང་བ་དེས་ཆབ་སྲིད་ཀྱི་སྤྲོ་བ་རབ་ཏུ་འཕེལ་སོང་ཞེས་གསུངས་པ་དང་སྦྲགས།  བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་ཚད་གཞི་མཐོ་པོའི་སྒོ་ནས་ཚོགས་འདུའི་ལས་འགན་ཁག་ལེགས་སྒྲུབ་བྱས་ནས་རིན་ཐང་ལྡན་པའི་གྲོས་གཞི་འདོན་པ་དང་།  རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་དང་ཇུས་ཀྱང་འདོན་ཏེ་རང་འགན་གཙང་སྒྲུབ་བྱེད་རྒྱུའི་འདུན་པ་ཡང་མངོན་པར་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]