ལྷ་ས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས༼༡+X༽ཡི་ཕྱོགས་བསྡུས་ལག་ལེན་བསླབ་གཞིའི་འགྲེམས་སྟོན་བྱེད་སྒོ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-14

ལྟ་ས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་ལྟེ་བའི་སློབ་ཁུལ་དུ་ཉེ་དུས།  ཕྱོགས་ཡོངས་ནས་ཡར་རྒྱས་དང་སྦྱངས་འབྲས་ཐོན་པ་བྱས་ཏེ་དུས་རབས་གསར་པའི་ཚད་ལྡན་རྒྱུན་འཛིན་པར་བརྩོན་ལེན་བྱེད་ཅེས་བརྗོད་བྱར་བྱས་པའི༼ ༡+X ༽ཡི་ཕྱོགས་བསྡུས་ལག་ལེན་བསླབ་གཞིའི་འགྲེམས་སྟོན་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོར་བསྡོམས་རིགས་གྲས་ཆེ་བ ༩ ཡི་འཆར་སྒོའི་བསླབ་གཞི ༤༨ བཀོད་སྒྲིག་བྱས་ཡོད་པ་དེ་དག  ཚུགས་གནས་དང་འགུལ་སྐྱོད་རིགས་གཉིས་སུ་ཕྱེ་སྟེ་འགྲེམས་སྟོན་བྱས་ཡོད།  ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་མ་དང་ཁྱིམ་བདག་ཉིས་སྟོང་ལྷག་ཙམ་འགྲེམས་སྟོན་བྱེད་སྒོར་ཞུགས་ཡོད།

ལྷ་ས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥུང་ཤིན་ཅོན་ནས།  ངེད་སློབ་གྲྭས་སློབ་མའི་དགོས་མཁོ་དང་དགེ་རྒན་གྱི་གནས་བབ་གཞིར་བཟུང་།  སློབ་གྲྭའི་ཐོན་ཁུངས་དང་ཡུལ་ཁམས་ཀྱི་ཆ་རྐྱེན་སོགས་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཏེ།  སློབ་མའི་ཀུན་སྤྱོད་དང་ཤེས་རིག་འཕེལ་ཐུབ་པ་དང་།  གཟུགས་གཞི་བདེ་ཐང་ཡོང་བ།  ཚན་རིག་གི་གོ་རྟོགས་གསལ་ཐུབ་པ།  མཛེས་ཆོས་ཀྱི་ལྟ་བ་འཕེལ་ཐུབ་པ།  འཚོ་བའི་རྩལ་ནུས་རྒྱས་ཐུབ་པ་སོགས་ཕྱོགས་མང་པོའི་ཐད་ནས་ཡར་རྒྱས་གཏོང་རྒྱུ་གཙོ་རྐང་དུ་བཟུང་བ་མ་ཟད།  སློབ་གྲྭའི་ད་ཡོད་ཀྱི་ཆ་རྐྱེན་བེད་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སློབ་གྲྭའི་ཕྱི་ནང་དུ་གནས་པའི་མཐུན་རྐྱེན་སྔོག་འདོན་གང་ཐུབ་ཀྱང་བྱེད་བཞིན་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།  ལྷ་ས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི༼༡+X ༽ཕྱོགས་བསྡུས་ལག་ལེན་བསླབ་གཞི་དེ་སྤྱི་ལོ ༢༠༡༦ ནས་འགོ་ཚུགས་པ་དང་།  དེའི་ནང་ ༡ གིས་རྨང་གཞིའི་བསླབ་གཞི་མཚོན་པ་དང་།  Xཡིས་འཆར་སྒོའི་སློབ་ཚན ༤༨ དང་སླད་ཕྱིན་འཚོལ་ཞིབ་བྱ་རྒྱུའི་རྒྱ་སྐྱེད་རང་བཞིན་གྱི་བསླབ་ཚན་མཚོན་གྱི་ཡོད།།

  ༼  ཡིག་བསྒྱུར་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]