ཁྲེང་ཀོན་ཆུས་ཀྱིས་སློབ་ཆེན་སློབ་ཐོན་པ་ཆེད་དོན་གདན་ཞུ་བྱེད་པའི་སྤྱི་ལོ༢༠༢༡ལོའི་འདུ་ཚོགས་ཆུང་གྲས་སྐབས་དགུ་པ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-22

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྤྱི་ཟླ་བདུན་པའི་ཚེས ༢༡ ཉིན་གྱི་སྔ་དྲོ།  སློབ་ཆེན་སློབ་ཐོན་པ་ཆེད་དོན་གདན་ཞུ་བྱེད་པའི་སྤྱི་ལོ ༢༠༢༡ ལོའི་ཁྲེང་ཀོན་ཆུས་ཀྱི་འདུ་ཚོགས་ཆུང་གྲས་སྐབས་དགུ་པ་གཉེར་བ་རེད།

ཆེད་དོན་གདན་ཞུའི་འདུ་ཚོགས་ཐོག་མི་བསྡུ་མཁན་ཚན་པ་ཁག་གིས་ས་གནས་ས་ཐོག་ཏུ་གསལ་འགྲེལ་རྒྱག་པ་དང་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད།  མི་བསྡུ་མཁན་ཚན་པར་མཁོ་བའི་ལས་མིར་ལྡན་དགོས་པའི་ཆ་རྐྱེན་དང་གླ་ཕོག་མཐོ་དམན།  ལས་ཀ་བྱེད་ཡུལ་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་ཐོག་ལས་ཀ་འཚོལ་མཁན་ཚོ་དང་སྐད་ཆ་ཞིབ་ཕྲ་བྱས་ཏེ།  ལས་ཀ་འཚོལ་བར་ཡོང་མཁན་ལ་སྟབས་བདེ་སྐྲུན་གང་ཐུབ་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ཐོག་ཁེ་ལས ༤༠ ཡིས་ལས་ཀ་འཚོལ་མཁན་སློབ་ཆེན་སློབ་ཐོན་པར་སློབ་གཞི་བློ་འདྲི་དང་རྩིས་པ།  བོད་ཡིག་ཡིག་གཟུགས་དགེ་རྒན།  ཇུས་འགོད་པ་སོགས་ཁྱོན་ལས་གནས ༩༡༥ མཁོ་འདོན་བྱས་ཡོད་པ་དང།  མི་བསྡུ་མཁན་ཚན་པར་ལོ་རྒྱུས་མདོར་བསྡུས ༥༣༠ ལྷག་ཙམ་འབྱོར་ཡོད་པ་དང་ལས་ཞུགས་ཀྱི་འདོད་མཐུན་རོབ་ཙམ་འཇོག་མཁན ༩༩ བྱུང་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]