སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་བར་ཕེབས་ཡོད།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-23

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༡ ཉིན་བོད་དུ་རྟོག་ཞིབ་གནང་བར་ཕེབས་ཡོད།  དེ་ཉིན་སྔ་དྲོ།  ཞི་ཅིན་ཕིང་བཞུགས་པའི་གནམ་གྲུ་ཉིང་ཁྲི་སྨན་གླིང་འབབ་ཐང་དུ་འབྱོར་མ་ཐག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཚོས་དགའ་བསུ་གཟབ་རྒྱས་ཞུས་ཡོད།  དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་མོ་ཊར་བཞུགས་ནས་ཉང་ཆུ་ཟམ་ཆེན་ཐོག་ཕེབས་ནས་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོ་འབྲེལ་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་སོགས་ལ་གཟིགས་ཞིབ་གནང་བ་དང་།  དེ་ཉིན་ཕྱི་དྲོ།  ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་དང་།  བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ།  ཀོང་པོ་སྤྱི་གླིང་སོགས་སུ་ཕེབས་ནས་གྲོང་ཁྱེར་འཕེལ་རྒྱས་འཆར་འགོད་དང་གྲོང་གསེབ་དར་རྒྱས།  གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་ཀ་སྤེལ་ཚུལ་ཐད་གཟིགས་ཞིབ་ཀྱང་གནང་བ་རེད།

སྤྱི་ཚེས ༢༢ ཉིན་གྱི་སྔ་དྲོ།  ཞི་ཅིན་ཕིང་ཉིང་ཁྲི་རི་ལིའི་འབབ་ཚུགས་སུ་ཕེབས་ནས་ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་།  ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུ་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་སོགས་མཁྱེན་རྟོགས་གནང་གྲུབ་རྗེས།  རི་ལིར་བཞུགས་ནས་ལྷ་སའི་ཕྱོགས་སུ་རྡོག་ཐོན་གནང་སྟེ་ས་གནས་ས་ཐོག་ཏུ་ལྷ་ཉིང་ལྕགས་ལམ་ལམ་བརྒྱུད་འཛུགས་སྐྲུན་གང་འདྲ་བྱུང་ཡོད་མེད་ལ་གཟིགས་ཞིབ་གནང་བ་དང་སྦྲགས་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ཀྱང་གཏིང་ཟབ་གནང་བ་རེད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]