ཀྲེ་ཅང་ཞིང་ཆེན་གྱིས་ལས་ཞུགས་བོད་སྐྱོར་བྱས་ཏེ་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་པར་ལས་གནས༡༦༠༠ལྷག་མཁོ་འདོན་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-26

བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ཀྲེ་ཅང་ཞིང་ཆེན་མི་སྤྱི་ཐིང་གིས་མཉམ་དུ་གཉེར་བའི།  ཀྲེ་ཅང་ཞིང་ཆེན་གྱིས་ཐེམ་ཐོ་བོད་ནས་ཡིན་པའི་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་ཐོན་པར་ཁ་ཕྱོགས་པའི་ལས་ཞུགས་བོད་སྐྱོར་གྱི་ལས་མི་བསྡུ་བའི་འདུ་ཚོགས།  ཉེ་དུས་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རར་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྔར་ལས་ལྷག་པའི་སྒོ་ནས་སྤྱི་ལོ ༢༠༢༡ ལོའི་ལས་ཞུགས་བོད་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་ཐུབ་ཆེད་དང་།  ཐེམ་ཐོ་བོད་ནས་ཡིན་པའི་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་ཐོན་པ་ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུར་རོགས་རམ་ཐུབ་ཆེད།  བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ལས་ཞུགས་བོད་སྐྱོར་གཞུང་དོན་ཁང་གིས་ཀྲེ་ཅང་ཞིང་ཆེན་མི་སྤྱི་ཐིང་དང་གྲོས་ཞིབ་བྱས་པ་བརྒྱུད།  ཀྲེ་ཅང་ཞིང་ཆེན་གྱི་མི་དགོས་མཁན་ཚན་པ ༦༧ གྱིས་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་པའི་ཡོན་ཚད་དང་ཆེད་ལས་སོགས་ལ་གཞིགས་ཏེ་མོ་ཊ་འཚོང་མཁན་དང་།  ཁྲོམ་རའི་སྤྱི་གཉེར།  ཕྱི་ཚོང་ལས་སྒོའི་ལས་རོགས་སོགས་ལས་གནས ༡༦༠༠ ལྷག་མཁོ་འདོན་བྱས་ཡོད།།

  ༼  ཡིག་སྒྱུར་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]