བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པས་ད་ལོའི་ཞབས་ཞུ་སྒྲུབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-30

སྤྱི་ལོ ༢༠༢༡ ལོའི་བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པས་ཞབས་ཞུ་སྒྲུབ་འགོ་ཚུགས་པའི་མཛད་སྒོ་སྤྱི་ཚེས ༢༩ ཉིན་གྱི་སྔ་དྲོ་ལྷ་སར་འཚོགས་པ་དང་།  རྒྱལ་ཡོངས་ས་ཆ་ཁག་ནས་ཕེབས་པའི་ཁྲིམས་རྩོད་པ ༥༥ ཡིས་བོད་ཀྱི་འབྲེལ་ཡོད་གྲོང་ཁྱེར༼ ས་ཁུལ ༽ཁག་དང་རྫོང་༼ ཆུས ༽ཁག་ཏུ་དུས་ཡུན་ལོ་གཅིག་རིང་གི་ཁྲིམས་ལུགས་ཐད་ཀྱི་རོགས་རམ་ཞབས་ཞུ་སྒྲུབ་པར་སྐྱོད་རྒྱུ་རེད།

བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི་ཞབས་ཞུའི་བྱེད་སྒོ་དེ་ནི་བོད་ལྗོངས་ཕྱོགས་ཡོངས་ནས་ཁྲིམས་བཞིན་སྐྱོང་རྒྱུར་ཞབས་འདེགས་ཞུ་བ་དང་།  གཞི་རིམ་ཁྲིམས་སྲོལ་ཅན་དུ་བཅོས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན།  དེ་ནི་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས།  རྒྱལ་ཡོངས་ཁྱོན་ནས་བོད་ལ་རོགས་སྐྱོར་བྱེད་རྒྱུའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་བྱ་ཐབས་གལ་ཆེན་ཞིག་རེད།  དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཁྱོན་ནས་དང་བླངས་ཁྲིམས་རྩོད་པ་བསྐོང་བསྡུ་བྱས་ཏེ།  ཁྲིམས་རྩོད་པའི་ཐོན་ཁུངས་མེད་སའི་བོད་ཀྱི་ས་ཆ་ཁག་ལ་སྤྱི་ཕན་རང་བཞིན་གྱི་ཁྲིམས་ལུགས་ཞབས་ཞུ་སྤེལ་རྒྱུ་དང་།  ས་ཆ་དེ་གའི་ཁྲིམས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་ཡིན།

ཤེས་རྟོགས་བྱས་པར་གཞིགས་ན།  ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི་ཞབས་ཞུའི་བྱེད་སྒོ་སྤྱི་ལོ ༢༠༡༩ ལོ་ནས་སྤེལ་འགོ་ཚུགས་ཚུན།  ཁྲིམས་འཛིན་པུའི་ཁྲིམས་རྩོད་པ་ལས་དོན་ཅུད་དང་ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པ་མཐུན་ཚོགས།  ཀྲུང་གོ་ཁྲིམས་ལུགས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་སྔ་རྗེས་སུ་རྒྱལ་ཡོངས་ཁྱོན་ནས་ཁྲིམས་རྩོད་པ ༢༠༠ ལྷག་ཙམ།  ཁྲིམས་རྩོད་པའི་ཐོན་ཁུངས་མེད་སའི་བོད་ཀྱི་ས་ཆ་ཁག་ཏུ་ཁྲིམས་ལུགས་རོགས་སྐྱོར་ལས་དོན་སྤེལ་བར་འདེམས་མངགས་བྱས་ཡོད།  སྤྱི་ལོ ༢༠༢༠ ལོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི་བོད་སྐྱོར་ཁྲིམས་རྩོད་པ ༦༨ ཀྱིས།  བོད་ཀྱི་གྲོང་ཁྱེར༼ ས་ཁུལ ༽བདུན་དང་རྫོང་༼ ཆུས ༽༥༧ དུ་ཁྲིམས་ལུགས་ཞབས་ཞུ་སྒྲུབ་པར་སྐྱོད་དེ།  གྱོད་གཞི ༢༠༣༦ གཉེར་སྒྲུབ་བྱེད་རྒྱུར་ཁྲིམས་ལུགས་ཐད་ནས་རོགས་རམ་བྱས་པ་དང་།  བློ་འདྲི་བྱེད་མཁན་མི་ཐེངས་ཉིས་ཁྲི་ཆིག་སྟོང་ལྷག་ཙམ་ལ་རིན་མེད་ལན་འདེབས་བྱས་པ།  ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་ཁྲིམས་གཞུང་ཡིག་རིག ༡༡༠༠ ལྷག་ཙམ་བཟོ་རོགས་དང་ཞིབ་བཤེར་བྱས་པ།  དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་ཚོ ༨༨༡༩ གསབ་ཐུབ་པ་བཅས་ཀྱིས།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་།  མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ།  ཁྲིམས་སྐྱོང་བོད་ལྗོངས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]