ལྷ་ས་གྲོང་ཁྱེར་གྱིས༢༠༢༡ལོའི་ཤེས་ལྡན་མི་སྣ་གདན་ཞུའི་ཆེད་དོན་འདུ་ཚོགས་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-07

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པའི་ཁྲེང་ཀོན་ཆུས་ཀྱི་སྤྱི་ལོ ༢༠༢༡ ལོའི་ཤེས་ལྡན་མི་སྣ་གདན་ཞུ་བྱེད་པའི་ཆེད་དོན་འདུ་ཚོགས་ཆེ་གྲས་ཉེ་དུས་གཉེར་བ་རེད།

ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་དེའི་ཐོག་ཁྱོན་མི་བེད་སྤྱོད་བྱེད་མཁན་ཚན་པ ༡༠༠ ཞུགས་ཡོད་པ་དེ་དག་གིས།  དྲུང་ཡིག་དང་རྩིས་པ།  ལས་རིགས་བྲིན་ཚོང་།  གཡོས་སྦྱོར།  ཞབས་ཞུ་བ།  དངུལ་བསྡུ་མཁན།  ཁ་ལོ་བ་སོགས་ལས་གནས་མང་པོ་དང་འབྲེལ་བའི་ལས་ཞུགས་ལས་གནས ༡༣༧༢ མཁོ་འདོན་བྱས་ཡོད།  ལས་ཀ་འཚོལ་མཁན་ཚོས་ད་རེས་ཀྱི་ལས་གནས་ཁག་གཅིག་གི་ཐོབ་ཐང་ཡང་ཡག་པོ་འདུག་ཅེས་བཤད།

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཐོན་སློབ་མ་བློ་བཟང་རྡོ་རྗེས།  སྲིད་གཞུང་གིས་ང་ཚོར་ལས་འཚོལ་སྟེགས་བུ་ཡག་པོ་འདི་འདྲ་ཞིག་བསྐྲུན་པར་ལྷག་པར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།  ལས་ཞུགས་ཀྱི་ཆ་འཕྲིན་ཡང་མང་པོ་ཞིག་མཁོ་འདོན་བྱས་འདུག  དེ་རིང་ང་ཡང་ལས་གནས་བཞི་ལ་ལོ་རྒྱུས་མདོར་བསྡུས་ཕུལ་བ་ཚང་མ་ངའི་ཆེད་ལས་དང་ཅུང་འཚམས་པོ་ཡོད་པས་འབྲས་བུ་ཡག་པོ་ཞིག་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ལ་ལས་ཀ་འཚོལ་མཁན་མི་གྲངས ༢༠༠ ལྷག་ཙམ་ཡོད་པ་དང་།  མི་བསྡུ་མཁན་ཚན་པར་ལོ་རྒྱུས་མདོར་བསྡུས ༢༢༦ ལྷག་ཙམ་འབྱོར་བ་དང་ལས་ཞུགས་ཀྱི་འདོད་མཐུན་རོབ་ཙམ་འཇོག་མཁན ༤༦ བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནས་ལས་ཞུགས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ལས་ཞུགས་ཀྱི་སྟེགས་བུ་ཧུར་ཐག་བཏོད་དེ་གཙོ་གནད་འོས་སྦྱོར་དང་།  ལས་ཀ་འཚོལ་མཁན་གྱིས་རང་བརྟེན་ལས་འདེམས་དང་རང་འགུལ་ངང་ལས་ཞུགས་བྱས་ཏེ་ལས་ཞུགས་དང་ལས་འདེམས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས།  ལས་ཀ་འཚོལ་མཁན་གྱི་ལས་ཀའི་ནུས་པ་ཆེ་རུ་ཏན་ཏིག་བཏང་བས་བདེ་བླག་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]