བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ༧༠འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ལྟ་སྐོར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-13

ལྗོངས་ཐད་གཏོགས་ལས་ཁུངས་ཁག་གིས་ཉེ་དུས་ལས་བྱེད་ལས་བཟོ་པ་སྒྲིག་འཛུགས་བྱས་ཐོག་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཁྲིད་དེ།  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་།  ལོ ༧༠ རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་རེད།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དེ།  འགོ་བརྗོད་དང་རླབས་ཆེན་གྱི་ལོ་རྒྱུས།  འོད་སྟོང་འབར་བའི་གྲུབ་འབྲས།  མཇུག་བསྡུའི་གཏམ་བཅས་ཁག་བཞི་ལ་དབྱེ་ཡོད་པ་དང་།  གཙོ་བོ་ལོ་རྒྱུས་ཡིག་ཆ་དང་པར་རིས།  གྲངས་གཞི་སོགས་འགྲེམས་སྟོན་བྱས་ཡོད་པ་དང་བརྙན་ལམ་སོགས་ཀྱི་རྣམ་པས་རམ་འདེགས་བྱས་པ་བརྒྱུད།  བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར།  རང་སྐྱོང་ལྗོངས་དབུ་བརྙེས་པ།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན།  བསྒྱུར་བཅོས་སྒོ་དབྱེ།  དུས་རབས་གསར་པར་སླེབས་པ་སོགས་ལོ་རྒྱུས་འཕེལ་རིམ་ཁག་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་མ་ཟད།  ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག་ཐོབ་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་རླབས་ཆེན་གྲུབ་འབྲས་ཀྱང་སྒོ་ཀུན་ནས་མངོན་པར་བྱས་ཡོད།

ལྟ་སྐོར་མཇུག་སྒྲིལ་རྗེས་ཚང་མས།  བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རླབས་ཆེའི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་དབུ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ལ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པ་དང་།  སྤྱི་ཚོགས་ཀྱི་རྣམ་པ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཕྱིན་པ།  མི་རིགས་ཁག་གི་མང་ཚོགས་ཀྱི་ལས་དབང་ལ་འགྱུར་ལྡོག་བཅས་བྱུང་ཡོད།  ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་བོད་སྐྱོད་པ་རྒན་རབས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་བཏང་སྟེ།  མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱི་བསམ་པས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་དང་།  རང་ངོས་ཀྱི་ལས་གནས་ཐོག་གཞི་ཚུགས་པ་དང་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ནས།  གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གཏོང་བའི་ལེའུ་གསར་པ་རྩོམ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།།

  ༼  ཡིག་སྒྱུར་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]