ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གླུ་ལེན་གར་འཁྲབ་ཀྱི་མཇལ་དར་མེས་རྒྱལ་ལ་འབུལ་ཞེས་པའི་རིག་རྩལ་འཁྲབ་སྟོན་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-01

སྤྱི་ཚེས ༢༩ ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི་གླུ་ལེན་གར་འཁྲབ་ཀྱི་མཇལ་དར་མེས་རྒྱལ་ལ་འབུལ་ཞེས་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་པ་རེད།  དྲིལ་བསྒྲགས་པུའི་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ ༢༠༠ ལྷག་ཙམ་གྱིས༼བཀྲ་ཤིས་གླུ་དབྱངས༽དང་༼ང་ཡི་མེས་རྒྱལ་ལ་དགའ༽ ༼གོས་འཁྲུའི་གླུ་གཞས།༽ ༼ང་ནི་གློག་བརྙན་པ་ཡིན།༽སོགས་ངོ་མཚར་ཆེ་བའི་ལེ་ཚན ༡༦ འཁྲབ་སྟོན་བྱས་ནས།  བརྗོད་དོན་གཙོ་བོར་གླུ་དབྱངས་ལེན་ཏེ་དྲང་ནུས་དར་སྤེལ་བཏང་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]