དེང་དུས་བགྲེས་སོང་གི་བདེ་སྐྱིད་ལྡན་པའི་འཚོ་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-14

སྤྱི་ལོ ༢༠༡༦ ལོའི་ཟླ་བ་ལྔ་པའི་ཚེས ༢༧ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཚོགས་པའི་རང་རྒྱལ་གྱི་མི་འབོར་ན་རྒས་ཅན་གྱི་དུས་བབ་དང་ཁ་གཏད་གཅོག་ཐབས་ཐད་མཉམ་སྡེབ་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག  ཀྲུའུ་ཞི་ཞི་ཅིན་ཕིང་ནས་མི་འབོར་ན་རྒས་ཅན་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་།  མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་གཏིང་ཟབ་ལ་རྒྱུན་བསྲིང་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད།  རང་རྒྱལ་ནི་འཛམ་གླིང་ཐོག་མི་འབོར་ན་རྒས་ཅན་དུ་འགྱུར་ཚད་ཅུང་མཐོ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས།  རྒན་རྒོན་གྱི་མི་གྲངས་མང་ཤོས་ཡིན་པ་དང་ན་རྒས་ཅན་དུ་འགྱུར་ཚད་མཐོ་ཤོས་ཡིན་སྟབས་མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད།  མི་འབོར་ཧ་ཅང་མང་བའི་རྒན་རྒོན་མང་ཚོགས་ཀྱི་ཕྱོགས་མང་པོའི་ཐད་ཀྱི་དགོས་མཁོ་སྐོང་བ་དང་མི་འབོར་ན་རྒས་ཅན་ལས་བྱུང་བའི་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམས་བྱ་རྒྱུ་དེ།  རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ་མི་སེར་ཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པས་ང་ཚོས་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་དགོས་ཅེས་གསུངས་ཡོད།
སྤྱི་ཟླ་བཅུ་པའི་ཚེས ༡༤ ཉིན་གྱི་བགྲེས་སོང་དུས་ཆེན་གྱི་སྐབས་དང་བསྟུན་ནས་ངོ་འཕྲད་བགྲོ་གླེང་ལེ་ཚན་ནང་གསར་འགོད་པས་བོད་ལྗོངས་གཡུ་ཐོག་ཁམས་གསོ་ལྟེ་གནས་ཞོལ་ཡན་ལག་རྒན་གསོ་ཁང་ནང་བསྐྱོད་དེ་དེ་གའི་ཡོན་ཀྲང་ཟླ་བ་ལགས་དང་སྨན་པ་བཀྲ་ཤིས་ཟླ་བ་ལགས།  དེ་བཞིན་རྒན་གསོ་ཁང་ནང་གི་བགྲེས་སོང་འགའ་ཞིག་ལ་སྤྱི་ཚོགས་ན་རྒས་ཅན་དུ་འགྱུར་བའི་དངོས་ཡོད་གནད་དོན་ལ་ང་ཚོས་ཡང་དག་པའི་ངོས་འཛིན་ཇི་ལྟར་བྱེད་དགོས་ཚུལ་དང་།  དེང་དུས་ཀྱི་བགྲེས་སོང་ཚོས་འཚོ་བ་གང་འདྲ་ཞིག་ལ་རེ་འདོད་གནང་གི་ཡོད་མེད་ཐད་བཅར་འདྲི་ཞུས་ཡོད།།

དེང་དུས་ཀྱི་བགྲེས་སོང་ཚོས་འཚོ་བ་གང་འདྲ་ཞིག་ལ་རེ་འདོད་གནང་གི་ཡོད་མེད་སྐོར།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]