ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་ད་ལོའི་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་བྱེད་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-18

ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པའི་ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་ད་ལོའི་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༧ ཉིན་འགོ་ཚུགས་པ་དང་།  ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་ཁག་ནས་ཡོང་བའི་ཡུལ་སྐོར་ལས་རིགས་ཀྱི་བདམས་ཐོན་པ ༡༠༠ ཙམ་འགྲན་བསྡུར་ནང་ཞུགས་ཡོད།

ད་ཐེངས་ཀྱི་འགྲན་བསྡུར་ནང་།  ཡུལ་སྐོར་ལས་རིགས་ཀྱི་དྲང་ནུས་གཅིག་ཏུ་སྒྲིལ་ནས་ལྷ་སའི་ཡུལ་སྐོར་གྱི་གཟུགས་བརྙན་གསར་པ་མངོན་པར་བྱ་རྒྱུ་ཞེས་བརྗོད་དོན་གཙོ་བོར་བྱས་ཏེ།  ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ་དང་གུས་ལུགས་ཞབས་ཞུ།  མགྲོན་ཁང་གི་ཞབས་ཞུ།  ཟ་ཁང་གི་ཞབས་ཞུ་སོགས་འགྲན་བསྡུར་རྣམ་གྲངས ༥ བཀོད་སྒྲིག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ་བཅུ་གཅིག་པའི་ཚེས ༢༣ ཉིན་མཐའ་མཇུག་འགྲན་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]