ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་སོགས་ཀྱི་ཞབས་ཞུ་སྤུས་ལེགས་སྒྲུབ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཨོ་རྒྱན་མཚོ་མོ།      སྤེལ་དུས།   2021-11-25

ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཉེ་དུས།  དམངས་དང་ཁེ་ལས་ཆེད་དུ་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་བྱེད་ཅེས་པའི་གསར་འགྱུར་བརྡ་ཁྱབ་ཚོགས་འདུ་འཚོགས་ཏེ།  ཏོག་གསར་ནད་ཡམས་ཐོན་ཚུན་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་ཞིབ་བཤེར་དང་མ་དངུལ་རུབ་བསྡུས་ཞབས་ཞུ་སྤེལ་ཚུལ་སོགས་ངོ་སྤྲོད་བྱས་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཐུབ་བསྟན་བསམ་གྲུབ་ནས་ངོ་སྤྲོད་བྱས་པར་གཞིགས་ན།  དངུལ་ཁང་དེས་ནད་ཡམས་ཐོན་རིང་མི་ཚོགས་ཀྱིས་དྲ་སྦྲེལ་དང་ཁ་པར་ནང་གི APP སོགས་ངོ་འཕྲད་བྱེད་མི་དགོས་པའི་ཐབས་ལམ་བརྒྱུད་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་དང་འདྲི་རྩད་ལས་ཀ་སྤེལ་བ་དང་ཆབས་ཅིག  བསྡུ་ལེན་བྱས་པའི་ཆ་འཕྲིན་ལ་དོགས་པ་བྱུང་བ་དང་རྒྱལ་ཁབ་ཁྲིམས་འཛིན་ཚན་པའི་ཞིབ་བཤེར་སོགས་ས་གནས་ས་ཐོག་ཏུ་ཞབས་ཞུ་སྤེལ་དགོས་རིགས་ལ་མི་ཉུང་དུས་དང་དུས་ཆད་བཟོ་བའི་རྣམ་པའི་ཐོག་ནས་ཞབས་ཞུ་སྤེལ་ཏེ།  དམིགས་བསལ་དུས་ཚོད་ནང་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་དང་འདྲི་རྩད་ལས་དོན་རྒྱུན་གཏན་ལྟར་སྤེལ་ཐུབ་རྒྱུ་འགན་སྲུང་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་དངུལ་ཁང་དེས་སོ་སོའི་ཁྱབ་ཁོངས་ནང་བསྡུ་ལེན་བྱས་པའི་ཡིད་རྟོན་ཆ་འཕྲིན་ཁྲི་ཚོ ༤༡.༦༡ ལ་ཞིབ་བཤེར་བྱས་ཡོད་པ་དང་ཉིན་རེར་ཆ་སྙོམས་ཞིབ་བཤེར་བྱེད་ཚད་ཆ་འཕྲིན ༦༠༠ ལྷག་ཙམ་ཟིན་ཡོད་ལ།  བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་རང་འདེམས་ཡིད་རྟོན་ཆ་འཕྲིན་འདྲི་རྩད་དང་རྩ་གཉིས་ཨང་རྟགས་བཤེར་ནས་ཆ་འཕྲིན་ཡིག་ཆ་འདོན་ཐུབ་པའི་འཕྲུལ་ཆས་ཁག ༡༡༤ གསར་དུ་བཀོད་སྒྲིག་བྱས་པ་དང་།  དྲ་བའི་ཐོག་ནས་འདྲི་རྩད་བྱེད་ཆོག་པའི་མཉེན་ཆས་ཆུང་གྲས་ཀྱང་གསར་སྤེལ་བྱས་ཏེ་སྟབས་བདེ་སྐྲུན་གང་ཐུབ་བྱས་ཡོད།  ནད་ཡམས་ཀྱི་ཤུགས་རྐྱེན་ཕོག་མཁན་མི་ཚོགས་མི་འདྲ་བ་ཁག་བཞི་ལ་གཞིགས་ནས་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་རོགས་རམ་སྲིད་ཇུས་བཏོན་ཐོག་ཡིད་རྟོན་ཆ་འཕྲིན་ཁག ༡༩༠༩ བསྡུ་ལེན་བྱས་པ་དང་།  གཡར་དངུལ་འཇལ་སྤྲོད་བྱེད་ཐབས་ལ་འགྱུར་བ་བཏང་བའི་དངུལ་གྲངས་སྒོར་དུང་ཕྱུར ༤༡.༡༦ ཟིན་གྱི་ཡོད།
ཐུབ་བསྟན་བསམ་གྲུབ་ནས།  དངུལ་ཁང་དེས་བསྡུ་ལེན་བྱས་པའི་དོགས་ཡོད་ཆ་འཕྲིན་ཐག་གཅོད་སྟེགས་བུ་བཀོད་སྒྲིག་བྱས་ནས་འགྲོ་ལུགས་ལྟར།  དོགས་གཞི་ཡོད་པའི་ཡིད་རྟོན་ཆ་འཕྲིན་ཁག ༧༤ བདག་སྤྲོད་བྱས་པ་དང་ལན་འདེབས་བྱེད་ཚད་བརྒྱ་ཆ ༡༠༠ ཟིན་ཡོད་ཅེས་བརྗོད་པ་དང་སྦྲགས།  གསར་དུ་བཙུགས་པའི་ཡིད་རྟོན་ཆ་འཕྲིན་བསྡུ་ལེན་འདྲི་རྩད་འཕྲུལ་ཆས་བརྒྱུད་ཐོ་བཀོད་བྱེད་མཁན ༤༠༦ དང་ཤར་གཏོང་ཐུབ་པ ༢༨༡ བྱུང་སྟེ།  སྟེགས་བུ་དེའི་ཐོག་ནས་མ་དངུལ་རུབ་བསྡུས་ཁག ༢༣༤ ཐུབ་པའི་དངུལ་གྲངས་སྒོར་དུང་ཕྱུར ༦༢.༦༢ ཟིན་པ་དང་།  ཁེ་ལས་འབྲིང་ཆུང་ ༡༦༨ ལ་མ་དངུལ་རུབ་བསྡུས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅེས་བཤད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]