རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གསར་འགྱུར་འགྲེམས་བསྒྲཌ་ཚོཌ་འདུ་ལྷ་སར་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-27

སྤྱི་ཚེས ༢༦ ཉིན་གྱི་ཕྱི་དྲོ།  ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ལྷ་སར་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང༌།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དྲུང་ཡིག་ཆེ་མོ་ཀྲོང་ཡན་གྱིས་གསར་འགྱུར་འགྲེམས་བསྒྲགས་གནང་བ་རེད།  
ཀྲོང་ཡན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  ཀྲུང་དབྱང་གི་ཆོག་མཆན་དང་མོས་མཐུན་ཐོབ་པ་བརྒྱུད།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་སྤྱི་ལོ ༢༠༢༡ ལོའི་ཟླ་བཅུ་གཅིག་པའི་ཚེས ༢༧ ནས ༣༠ ཉིན་བར་ལྷ་སར་ཚོགས་རྒྱུ་ཡིན་པ་དང༌།  ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་བཞི་ཡོད་པ་ནི།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་ཞིབ་བཤེར་གནང་རྒྱུ།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ།  ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་བཞི་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་རྒྱུ་བཅས་རེད།  
ཀྲོང་ཡན་གྱིས་ད་དུང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་འགོད་པའི་ལས་དོན་དང་འཐུས་མི་འདེམས་བསྐོའི་ལས་དོན།  སྐབས་བརྗེའི་སྒྲིག་ཁྲིམས་ནན་པོ།  ཚོགས་འདུའི་འགན་སྲུང་ལས་དོན་བཅས་ངོ་སྤྲོད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]