ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-28

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་སྤྱི་ཚེས ༢༧ ཉིན་གྱི་སྔ་དྲོ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་ཟབ་རྒྱས་ངང་ཚོགས་པ་རེད།

ཚོགས་ཆེན་ཐོག་བློ་མཐུན་ཝང་ཅུན་ཀྲེང་ནས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག་མཐུན་སྒྲིལ་དང་།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་བ་རེད།

ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་ཏང་གི་འཐུས་མི་དང་དམིགས་བསལ་གདན་ཞུའི་འཐུས་མི་བཅས་མི་གྲངས ༥༦༩ ཡིས།  ལྗོངས་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲི་ཚོ ༣༦༠ ལྷག་ཙམ་གྱི་མངག་བཅོལ་དང་རེ་སྒུག་སེམས་ལ་བཅངས་ནས་སྙིང་སྟོབས་རབ་འཕེལ་ངང་ཚོགས་འདུར་ཞུགས་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]