ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-02

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཆེ་རུ་གཏོང་བ་དང་།  བཅའ་སྡོད་ཁུལ་གྱི་སྲོལ་རྒྱུན་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱ་ཆེད།  ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཉེ་དུས།  གྲོང་ཁྱེར་དེའི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་སྟོན་ཁང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞེས་པའི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་མེ་ཟོན་རུ་ཁག་དེའི་དཔོན་དམག་ཚོས་གསར་བརྗེའི་རིག་གནས་ཚོམས་ཆེན་ལ་ལྟ་སྐོར་བྱས་པ་དང་།  གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཡང་ཞུས་རྗེས་ཚང་མས་སླད་ཕྱིན་རང་འཁྲིའི་ལས་གནས་ཐོག་རྐང་པ་བརྟན་པོ་བཙུགས་ཏེ།  ཕུགས་འདུན་དང་ཆོས་སེམས་ལ་འགྱུར་བ་མེད་པར་དཀའ་སྤྱད་ལས་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་རྒྱུ་ཡིན་ལ།  རྒྱལ་གཅེས་མཐའ་གཅེས་ཀྱི་བརྩེ་བ་དེ་སྟབས་བསྟུན་རོགས་སྐྱོབ་ལས་ཀའི་དོན་དངོས་བྱ་སྤྱོད་དུ་འགྱུར་བ་བྱེད་པ་དང་སྦྲགས།  དཔུང་སྡེ་རིམ་འཕར་འཕོ་འགྱུར་ཡོང་བ་དང་།  དཔུང་སྡེའི་སྤུས་ཚད་དང་བྱང་ཚད་མཐོ་རུ་གཏོང་བའི་འགན་འཁྲིའི་བསམ་པ་དང་སྒུལ་ཤུགས་སུ་ཡང་འགྱུར་བ་བྱེད་རྒྱུ་ཡིན་ཞེས་བརྗོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]