ཉིང་ཁྲི་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུད་ཀྱིས་བཅའ་སྡོད་གྲོང་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-02

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དེ་ཀྲུང་དབྱང་ནས་སྒྲོག་འགྲེལ་བྱེད་འགོ་ཚུགས་ཡོད་པ་དང་།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་བཅའ་སྡོད་གྲོང་ཚོར་བརྒྱུད་བསྒྲགས་ཏན་ཏིག་ཐུབ་ཆེད།  ཉིང་ཁྲི་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུད༼ ཀུང་སི ༽ཀྱིས་ཏང་ཡོན་བརྒྱད་སྒྲིག་འཛུགས་བྱས་ཏེ་དུས་ཡུན་ཉིན་གསུམ་ནང་སྤྱི་ལེ་ཆིག་སྟོང་ལྷག་ཙམ་སྐྱོད་ནས།  ཅུད་དེའི་བཅའ་སྡོད་བྱེད་ཡུལ་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་ལ་ཁ་གྲོང་ཚོ་དང་སྐེད་རི་གྲོང་ཚོ་གཉིས་སུ་རྒྱ་བོད་སྐད་རིགས་གཉིས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་རིམ་པས་སྤེལ་ཡོད།  དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྨང་གཞིའི་ཐོག་མང་ཚོགས་ཀྱི་བསམ་ཚུལ་དང་འཕྲད་པའི་དཀའ་ངལ་ཡང་ཤེས་རྟོག་བྱས་ཏེ།  སྒྲོག་འགྲེལ་གྱི་བརྒྱུད་རིམ་དེ་དོགས་གནད་སེལ་བ་དང་དོན་དངོས་དཀའ་ངལ་སེལ་བའི་བརྒྱུད་རིམ་དུ་ཡང་འགྱུར་བ་བྱས་ཡོད།།

 

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]