རང་ལྗོངས་ཀྱིས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་བརྒྱད་པར་དམིགས་པའི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-06

སྤྱི་ཟླ་བཅུ་གཉིས་པའི་ཚེས ༤ ཉིན་ནི་རང་རྒྱལ་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་བརྒྱད་པ་དེ་རེད།  དེ་ཉིན་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་ཐིང་།  ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ལྗོངས་ཐད་གཏོགས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ ༥༠ ལྷག་ཙམ་སྒྲིག་འཛུགས་བྱས་ཏེ།  ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་མཛུབ་ཁྲིད་བྱས་ཏེ།  བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་སྐྱོད་ཅེས་གཙོ་དོན་དུ་བྱས་པའི་རྩ་ཁྲིམས་དྲིལ་བསྒྲགས་ཁྲོམ་གཞུང་ཞེས་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཡོད།

དྲིལ་བསྒྲགས་དཔྱད་གཞི་མང་ཚོགས་ལག་ཏུ་སྤྲད། རྩ་ཁྲིམས་ཤེས་བྱ་གང་མང་ཤེས་ཐབས་བྱས།

དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་དང་དྲིལ་བསྒྲགས་བརྙན་ཕབ་གཏོང་བ།  བློ་འདྲིར་ལན་འདེབས་བྱེད་པ་སོགས་ཀྱི་ཐད་ནས་དམངས་ཡོངས་ལ་རྩ་ཁྲིམས་སྦྱོང་བ་དང་བརྩི་སྲུང༌བྱེད་པ།  སྲུང་སྐྱོང༌དང་བེད་སྤྱོད་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད་ལ།  རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ནས་རྩ་ཁྲིམས་ཀྱི་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་ཀྱང་བྱས་ཡོད།

དམངས་དོན་ཁྲིམས་གཞུང་ཅེས་པའི་ནང་དོན་དག གྲོང་མིའི་ཕྱོགས་སུ་གསལ་འགྲེལ་གང་ཟབ་བརྒྱབ།

ཤེས་རྟོགས་བྱས་པར་གཞིགས་ན།  ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་གིས་རང་རྒྱལ་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་དམིགས་པའི་ཁྲིམས་ལུགས་ཁྲིམས་སྲོལ་གཅིག་བསྡུས་སྒྲོག་འགྲེལ་དང་རྒྱུན་ཤེས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ།  རྩ་ཁྲིམས་ཀྱི་སྙིང་སྟོབས་དེ་མང་ཚོགས་ཚོའི་འཚོ་བ་དང་མཉམ་འདྲེས་ཐུབ་ཐབས་བྱས་ཡོད།  

གསོན་པོ་གཅིག་མཚུངས་ལྟར་གྱི་དམར་དཔེ་སྟོན། རི་འཁྱར་སྲོགས་ཆགས་སྲུང་རྒྱུར་སྐུལ་མ་བཏང་།

ངོ་སྤྲོད་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤྱི་ཟླ་བཅུ་གཉིས་པའི་ཚེས ༡ ཉིན་ནས་སྤེལ་འགོ་ཚུགས་ཤིང་སྤྱི་ཚེས ༧ ཉིན་བར་རྒྱུན་མཐུད་རྒྱུ་ཡིན།  དེའི་རིང་རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ།  ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ།  འཐབ་ཇུས་གསར་པ་བཅས་དང་།  རྩ་ཁྲིམས་ཀྱི་གནས་བབ་དང་ནུས་པ།  ནང་དོན་གཙོ་བོ་སོགས་དྲིལ་བསྒྲགས་བྱེད་དང་བྱེད་མུས་ཡིན་ལ།  རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱང་གཙོ་གནད་ཐོག་དྲིལ་བསྒྲགས་བྱེད་རྒྱུ་རེད།།
  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]