མངའ་རིས་ཀྱིས་མང་ཚོགས་ལ་སྔོ་ཚལ་དང་ཤིང་ཏོག་གི་དགོས་མཁོ་གང་ལེཌ་བསྐངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མངའ་རིས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྤྱི་ཁྲེ ༤༥༠༠ ཟིན་གྱི་ཡོད་པས།  དུས་ཡུན་རིང་པོའི་ནང་སྔོ་ཚལ་གྱི་རིན་གོང་མཐོ་པོ་ཡོད་པ་མ་ཟད་སྣེ་རིགས་ཀྱང་མང་པོ་མེད་པ་རེད།  ཉེ་བའི་ལོའི་ནང་།  མངའ་རིས་ས་ཁུལ་གྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཆེད་སྔོ་ཚལ་ས་བབ་མཐོ་སར་འདེབས་འཛུགས་ཀྱི་ལག་རྩལ་འཚོལ་ཞིབ་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས།  དེ་སྔོན་པད་ཚལ་དང་ལ་ཕུག  ཞོག་ཁོག་བཅས་ཁོ་ན་ལས་མེད་པ་ནས་ད་ལྟ་སྔོ་ཚལ་དང་ཤིང་འབྲས་སྣེ་རིགས ༤༠ ལྷག་བར་མང་དུ་ཕྱིན་ཏེ།  མང་ཚོགས་ལ་མཁོ་བའི་སྔོ་ཚལ་དང་ཤིང་འབྲས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]