རང་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལུགས་གསོ་རིག་དང་བོད་སྨན་ལ་ལོ་ངོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་དང་།  ཀྲུང་གོའི་གསོ་རིག་ནོར་བུའི་བང་མཛོད་ནང་གི་བཀྲག་མདངས་ཆེ་བའི་མུ་ཏིག་ལྟ་བུ་ཞིག་རེད་ལ།  མི་རབས་ནས་མི་རབས་བར་གངས་ལྗོངས་ས་མཐོའི་ཐོག་འཚོ་སྡོད་བྱེད་མཁན་བོད་རིགས་མི་དམངས་ཀྱིས་རང་བྱུང་དང་།  ནད་གཞི་སྣ་ཚོགས་དང་འཐབ་རྩོད་བྱས་ནས་གསོག་འཇོག་བྱས་པའི་རྩ་ཆེའི་སྨན་བཅོས་ཀྱི་ཉམས་མྱོང་ཞིག་ཀྱང་རེད།  ཉེ་བའི་ལོའི་ནང་།  རང་ལྗོངས་ཀྱིས་བདེ་ཐང་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེ་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་གཞི་རིམ་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་མ་ལག་སྤྱིར་ན་གྲུབ་ཟིན་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]