ཡུལ་སྐོར་ལས་རིགས་དེ་མངའ་རིས་ས་ཁུལ་གྱི་རྐང་འཛིན་ཐོན་ལས་ཞིག་ཏུ་གྲུབ་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2014-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པར་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་གོང་འཕེལ་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཡུལ་སྐོར་ལས་རིགས་དེ་མངའ་རིས་ས་ཁུལ་གྱི་གལ་ཆེའི་རྐང་འཛིན་ཐོན་ལས་ཞིག་ལ་གྱུར་ཡོད་པ་རེད།  

རགས་རྩིས་བརྒྱབ་པར་གཞིགས་ན།  ཉེ་བའི་ལོ་ལྔའི་ནང་མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༣༥ ལ་སྣེ་ལེན་ཞུས་ཡོད་པ་དང་།  ལོ་རེར་སྣེ་ལེན་བྱེད་ཚད་བརྒྱ་ཆ ༦༡ ལྷག་ཙམ་འཕར་སྣོན་བྱུང་ནས།  ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར ༣.༨༣ ཟིན་པ་དང་ལོའི་ཆ་སྙོམས་འཕར་ཚད་བརྒྱ་ཆ ༨༧ ལྷག་ཙམ་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  མངའ་རིས་ས་ཁུལ་གྱིས་ད་དུང་ཡུལ་སྐོར་ཁུལ་མང་པོ་གཏོད་དེ་གནས་རི་དང་གནས་མཚོ་སྐོར་བ་དང་།  གུ་གེ་རྒྱལ་པོའི་གནའ་ཤུལ་སྐོར་བ།  ཞང་ཞུང་རིག་གནས་ཡུལ་སྐོར།  མངའ་རིས་ཀྱི་དམངས་སྲོལ་ཡུལ་སྐོར།  ས་མཐོའི་སྐྱེས་ཁམས་རྟོགས་ཞིབ་ཡུལ་སྐོར་སོགས་གཙོ་གནད་ཡུལ་སྐོར་ལམ་ཐིག་ཞིག་གྲུབ་ཡོད་པ་རེད།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]