རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་རང་ལྗོངས་ཀྱི་དཔེ་རྙིང་ཁག༢༡༧ཚུད་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-06-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  དེང་སྐབས་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་ནང་བསྟན་གསུང་རབ་དང་གནམ་རིས་སྐར་རྩིས།  བོད་ལུགས་གསོ་རིག་གཞུང་ལུགས་སོགས་ཀྱིས་གཙོ་བོ་བྱས་པའི་རང་ལྗོངས་ཀྱི་དཔེ་རྙིང་ཁག ༢༡༧ ཚུད་ཡོད་པ་དང་།  གསར་དུ་བཏོན་པའི་རྒྱལ་ཁབ་ཀྱི་ཁག་ལྔ་པའི་དཔེ་རྙིང་སྲུང་སྐྱོབ་མིང་གཞུང་ནང་།  དུས་རབས ༡༧ པར་ལག་བྲིས་བྱས་པའི་འབྲས་ལྗོངས་ཀྱི་གནའ་ཤུལ་གྲགས་ཅན་ལམ་སྟོན་ཞེས་པས་རང་ལྗོངས་ཀྱི་དཔེ་རྙིང་སྔོག་འདོན་ལོ་རྒྱུས་ཐོག་གི་སྟོང་ཆ་བསྐངས་པ་རེད།

དཔྱད་གཞིའི་ཐོག་ནས་མངོན་པར་གཞིགས་ན།  རང་ལྗོངས་ཀྱི་དཔེ་རྙིང་གྲངས་འབོར་མང་ཞིང་ཁ་ཐོར་ཡིན་པ་དང་།  རྒྱལ་ཡོངས་སུ་ད་ཆ་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་གྲངས་འབོར་དེ་ཁྲི་ཚོ་བརྒྱ་ཡན་ཟིན་གྱི་ཡོད་པའི་ནང་གསུམ་ཆ་གཉིས་ཙམ་བོད་ལྗོངས་སུ་ཡོད་པ་རེད།  ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་དང་ཉམས་བཟོ་སྲུང་སྐྱོབ་ལས་དོན་གཅིག་མཇུག་གཉིས་མཐུད་ངང་སྤེལ་བས་རྩ་ཆེའི་དཔེ་རྙིང་མང་པོ་ཞིག་སྲུང་སྐྱོབ་ཡག་པོ་ཐུབ་ཡོད།  སྤྱི་ལོ ༢༠༠༧ ལོ་ནས་བཟུང་རང་ལྗོངས་ཀྱིས་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་དང་རྒྱལ་ཁབ་ཀྱི་མིང་གཞུང་ནང་ཚུད་རྒྱུའི་རེ་ཞུ་སོགས་ཀྱི་ལས་དོན་སྤེལ་འགོ་ཚུགས་ཏེ།  ད་བར་དཔེ་རྙིང་ཁག ༢༡༧ རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་ཚུད་ཡོད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]