མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་༡༠འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོ་ལྷ་ས་བབས་ཚུཌ་སུ་སྤེལ་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༦ ལོའི་ཟླ ༧ པའི་ཚེས ༡ ཉིན།  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་མཚོ་བོད་ལྕགས་ལམ་ཀུང་སི་ལྷ་ས་བབས་ཚུགས་དང་བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས།  ཐན་ལིད་རིག་གནས་སྨྱན་སྦྱོར་ཚོགས་པ་བཅས་དང་མཉམ་འབྲེལ་ཐོག་ལྷ་ས་མེ་འཁོར་བབས་ཚུགས་སུ་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་ ༡༠ འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོ་སྤེལ་བ་རེད།

དེའི་ནང་།  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་བོད་ལྕགས་ལམ་ཀུང་སི་ལྷ་ས་བབས་ཚུགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་བཀྲ་ཤིས་པའི་མཁའ་ལམ་ཞེས་པའི་ཕྱི་རོལ་གྱི་ཐད་གཏོང་ལེ་ཚན་ཆེ་གྲས་ནང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན། ལྷ་ས་མེ་འཁོར་བབས་ཚུགས་ཀྱི་དབུ་འཛིན་གཞོན་པ་གདན་ཞུ་བྱས་ནས་གསར་འགོད་པ་དང་ཁ་པར་ཐད་སྦྲེལ།  སྐུ་མགྲོན་གྱི་བཅར་འདྲི།  སྒྲ་ཕབ་གསར་འགྱུར་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་དང་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་གོང་འཕེལ།  མེ་འཁོར་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་རིང་།  བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་བཅས་ལ་ཐོན་པའི་གལ་ཆེའི་ནུས་པར་ཕྱིར་དྲན་བྱས་པ་དང་།  མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་བྱུང་ཚུལ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཉིན་དེར་གཉེར་བའི་མུ་འབྲེལ་བྱེད་སྒོའི་ནང་།  ད་དུང་༼མེས་རྒྱལ་ལ་བསྟོད་གླུ་འབུལ། མཁའ་ལམ་ལ་གླུ་དབྱངས་ལེན༽ཞེས་པའི་རིག་རྩལ་འཁྲབ་སྟོན་དང་ཡིག་གཟུགས་འགྲེམ་སྟོན་སོགས་ཚུད་ཡོད་པ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]