མཚོ་བོད་ལྕགས་ལམ་ནི་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་སྦྲེལ་ཐག་ལྟ་བུ་ཞིག་ཏུ་གྱུར་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དུས་རབས་ཕྱེད་ཀ་ལྷག་ཙམ་སོང་རྗེས་ཀྱི་དེ་རིང་།  བོད་ལ་ལམ་ཐག་ལེ་དབར་ཁྲི་ཁ་ལོན་པའི་དེང་རབས་གཞུང་ལམ་ཡོད་པ་མ་ཟད་མཚོ་བོད་ལྕགས་ལམ་ནི་དེ་བས་ཀྱང་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་སྦྲེལ་ཐག་ལྟ་བུ་ཞིག་ཏུ་གྱུར་ཡོད།  བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཆ་རྐྱེན་འོག་བོད་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཁག་ཅིག་བཏོད་ཡོད་པ་དེ་ཡང་གཏེར་ཆུ་དང་བོད་སྨན།  ཆང་།  ཚགས་ཤ་སོགས་ནང་སའི་ཁྲོམ་རར་སྐད་གྲགས་ཆོད་ཡོད།  གཞུང་ལམ་སྐྱེལ་འདྲེན་དང་བསྡུར་ན།  མཚོ་བོད་ལྕགས་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་དམའ་བས་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཀྱི་རིན་གོང་གི་འགྲན་རྩོད་ནུས་པ་ཆེ་རུ་ཤུགས་ཆེ་བཏང་ཡོད་པ་དང་།  ནང་སའི་གྲོང་ཁྱེར་ལ་བྲིན་འཚོང་བྱེད་པའི་ལྷ་སའི་སྦི་རག་ལྟ་བུར་ཆ་བཞག་ན།  ལྷ་ས་ནས་གོར་མོ་བར་གྱི་ལམ་དུམ་བུ་ཁོ་ནར་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་ཀྲོན་རེར་སྒོར ༢༠༠ རེ་དམའ་རུ་ཕྱིན་ཡོད།

གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཞིང་པ་བུ་ཆུང་ནས།  ཤང་གཅིག་པའི་གྲོང་མི་དྲུག་དང་མཉམ་དུ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་གཅིག་བཙུགས་ཏེ་མེ་འཁོར་ནང་ཞུགས་ནས་ནང་སའི་གྲོང་ཁྱེར་ལ་ཚོང་ལས་འཁྲབ་སྟོན་བྱེད་པར་བསྐྱོད་པ་རེད།  བུ་ཆུང་ནས།  ནང་སར་བོད་མི་རིགས་ཀྱི་གླུ་གར་ལ་དགའ་བསུ་ཆེན་པོ་དེ་འདྲ་ཐོབ་ཀྱི་ཡོད་པ་བསམ་ཡུལ་ལས་འདས་སོང་ཞེས་བཤད།

ཕྱི་ཕྱོགས་ལ་སྒོ་དབྱེ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་སྦྲགས་ལྕགས་ལམ་བརྒྱུད་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཕྱོགས་བཞི་མཚམས་བརྒྱད་ལ་བསྐྱོད་པ་དང་།  བོད་ཀྱི་སྲོལ་རྒྱུན་གླུ་གར་དང་མི་རིགས་ལག་ཤེས་བཟོ་རྩལ།  མི་རིགས་ཀྱི་གྱོན་ཆས་དང་རྒྱན་ཆ་བཅས་ཡུལ་སྐོར་དུས་ཆེན་དང་རིག་གནས་དུས་ཆེན་སྣ་ཚོགས་ཐོག་བསྐྱོད་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]