རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ལམ་ལུགས་གཏོད་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  ལོ་ལྔའི་ནང་རང་ལྗོངས་ཀྱིས་གྲོང་གསེབ་དང་གྲོང་ཁྱེར་གྱི་གྲོང་མིར་དམངས་འཚོའི་འགན་སྲུང་ཞབས་ཞུ་དེ་བས་མང་བ་སྒྲུབ་ནས་རྒྱལ་ཡོངས་ཀྱི་སྔོན་དུ་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ལམ་ལུགས་གཏོད་ཡོད།  རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཏང་ཙུའུ་ཡི་ཁོངས་མི། ཐིང་ཀྲང་གཞོན་པ་ཅང་གོ་ཇལ་ནས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  རང་ལྗོངས་ཀྱིས་དམངས་འཚོ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་བཟང་པོ་ལོངས་སྤྱོད་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད། 
རྒྱལ་ཡོངས་ཀྱི་སྔོན་དུ་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ལམ་ལུགས་ལག་བསྟར་བྱེད་པའི་ནང་ཀུན་ཕན་རང་བཞིན་དང་ལས་ཀའི་ལམ་ལུགས་ཟུང་དུ་འབྲེལ་བའི་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ནས།  སྤྱི་ལོ ༢༠༡༦ ལོར་མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར ༡༡.༩༤ བཏང་སྟེ་མང་ཚོགས་འབབ་འཕར་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་པས།  མཐའ་མཚམས་དོ་དམ་ཚོད་འཛིན་ཁྲོད་ཀྱི་མཐའ་མཚམས་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཕྱིན་ཡོད།  སྤྱི་ལོ ༢༠༡༧ ལོར་རང་སྐྱོང་ལྗོངས་ནོང་སྲིད་ཀྱིས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་དང་མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་མཐའ་མཚམས་ས་ཁུལ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད་མ་དངུལ་སྒོར་དུང་ཕྱུར ༦༠ བཏང་ཡོད།

དེ་དང་ཆབས་ཅིག་མཐའ་མཚམས་རིམ་པ་དང་པོའི་ཤང་༼གྲོང་རྡལ༽གྱི་མཐའ་མཚམས་མང་ཚོགས་ཁ་གསབ་ཚད་གཞི་དེ་སྤྱི་ལོ ༢༠༡༢ ལོའི་མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར ༡༠༠༠ ནས་སྤྱི་ལོ ༢༠༡༦ ལོའི་མི་རེར་ལོའི་ཆ་སྙོམས་ཡོང་འབབ ༡༧༠༠ དང་རིམ་པ་གཉིས་པའི་ཤང་༼གྲོང་རྡལ༽གྱི་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ཚད་གཞི་དེ་སྤྱི་ལོ ༢༠༡༢ ལོའི་མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར ༨༠༠ ནས་སྤྱི་ལོ ༢༠༡༦ ལོའི་མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར ༡༥༠༠ བར་མཐོ་རུ་བཏང་བས།  སྤྱི་ལོ ༢༠༡༧ ལོར་མཐའ་མཚམས་རིམ་པ་དང་པོའི་ཤང༼་གྲོང་རྡལ༽གྱི་མཐའ་མཚམས་མང་ཚོགས་ཁ་གསབ་ཚད་གཞི་དེ་མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར ༢༧༠༠ དང་རིམ་པ་གཉིས་པའི་ཤང་༼གྲོང་རྡལ༽གྱི་མཐའ་མཚམས་མང་ཚོགས་ཁ་གསབ་ཚད་གཞི་དེ་མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར ༢༥༠༠ ཟིན་ནས་མཐའ་མཚམས་རིམ་པ་དང་པོ་དང་གཉིས་པའི་ལོ་བཅུ་དྲུག་ཡན་གྱི་མང་ཚོགས་ཁྲི་ཚོ ༡༦ ལྷག་ཙམ་ལ་ཕན་པ་ཐོབ་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]