མི་དམངས་ཉིན་རེའི་ཚགས་པར་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་མཚན་འགོད་དཔྱད་རྩོམ་སོགས་བཀོད་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༡༡ ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ཐོག་འབད་འབུངས་ཡར་བརྩོན་གྱི་ལོ་ལྔ།  ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་དམིགས་བསལ་གསར་འགྱུར་བོད་ཀྱི་ལེའུ་ཞེས་པའི་ཚོན་ལྡན་པར་ངོས་བརྒྱད་བཀོད་དེ་ཕྱོགས་ཡོངས་དང་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་གྱི་གྲུབ་འབྲས་ཆེ་མོ་དང་འགྱུར་ལྡོག་ཆེ་མོ་བཀོད་པ་རེད།

དམིགས་བསལ་གསར་འགྱུར་ཀྱི་པར་ངོས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་མཚན་འགོད་དཔྱད་རྩོམ་སྟེ་མཐའ་སྐྱོང་བོད་བརྟན་འཐབ་ཇུས་ལག་བསྟར་བྱས་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུར་འབད་བརྩོན་བྱེད་ཅེས་པ་བཀོད་པ་རེད།

རྩོམ་ཡིག་ནང་དར་ཆ་གསལ་སྟོན་བྱས་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  མི་དམངས་ལྟེ་བར་འཛིན་ནས་ཤུགས་འདོན་གནད་འཕིགས་བྱས་ཏེ་དམངས་ཚོར་ལེགས་བཅོས་བཏང་ནས་མི་སེམས་གཅིག་ཏུ་སྒྲིལ་བ།  བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་ཞིག་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་བཞིན་དོ་དམ་གྱིས་ཁ་ཕྲལ་ལ་ངོ་རྒོལ་ཧུར་ཐག་བྱེད་པ།  སྲུང་སྐྱོབ་སྔོན་དུ་འཇོག་པ་དང་འཛུགས་སྐྲུན་གལ་ཆེར་འཛིན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གཏོད་པ།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་སྟེ་དམིགས་བསལ་རང་བཞིན་གང་ཡང་མེད་པ་བཅས་ཀྱི་ཕྱོགས་ལྔའི་ཐད་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པའི་ལག་ལེན་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་རེད།

རྩོམ་ཡིག་ནང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་པའི་ཉི་ཤུ་དྲུག་ཉིན་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་ཡག་པོ་བྱེད་རྒྱུ་དེ་བོད་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་རྩིས་ནས།  ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ།  གྲུབ་འབྲས་གཡུར་དུ་ཟ་བའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་ཆེད་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་པ་རེད།

དམིགས་བསལ་གསར་འགྱུར།  བོད་ལྗོངས་ཀྱི་ལེའུ་ཞེས་པའི་ནང་མཐའ་སྐྱོང་བོད་བརྟན་དང་མཆོངས་སྐྱོད་ལྟ་བུའི་གོང་འཕེལ།  དམངས་འཚོ་ལེགས་བཅོས།  ཞི་མཐུན་བརྟན་ལྷིང་།  སྐྱེ་ཁམས་སྔོན་དུ་འཇོག་པ།  ཏང་འཛུགས་ལ་ཤུགས་སྣོན་སོགས་ཀྱི་ནང་དོན་བཀོད་དེ་ཁུངས་འཕེར་གྱི་གྲངས་གཞི་དང་ཕུན་སུམ་ཚོགས་པའི་དཔེ་བརྗོད་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་གང་ཡོད་གཏོང་བའི་འོད་སྟོང་འབར་བའི་གྲུབ་འབྲས་རྣམས་ཕྱོགས་ཡོངས་ནས་གསོན་ཉམས་དོད་པོས་མངོན་པར་བྱས་པ་དང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྐྱིད་འཚོ་བ་ནས་འགོ་བརྩམས་ཏེ།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བོད་ལྗོངས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་ཆེད་འབད་བརྩོན་ལྷོད་མེད་བྱས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།

ད་དུང་མཛེས་སྡུག་ལྡན་པའི་ས་མཐོས་ཁམས་བཟང་ལོངས་སུ་སྤྱོད་ཅེས་པ་དང་བདེ་སྐྱིད་ཟབ་མོ་ཕྱུར་ཞེས་པ།  ཞི་བདེའི་མེ་ཏོག་དེ་ལྟར་རབ་ཏུ་བཞད་ཅེས་པ།  ཆེས་མཛེས་པའི་མཐའ་སྣེ་གསུམ་པ་སྲུང་སྐྱོང་བྱེད་ཅེས་པ་སོགས་ཀྱི་པར་ངོས་ཐོག་ཏུ་ལྟ་ཕྱོགས་མི་འདྲ་བ་དང་གྲངས་གཞི་ཚད་ལྡན།  དངོས་ཡོད་དཔེ་མཚོན་བཅས་ཀྱི་ཐོག་ནས་ཉེ་བའི་ལོའི་རིང་བོད་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་མྱུར་པོ།  ཆོས་ལུགས་འཆམ་མཐུན།  སྐྱེ་ཁམས་རྒྱུན་མཐུད་སྐྱོན་བྲལ་སོགས་ཀྱི་གྲུབ་འབྲས་ཆེ་མོ་མངོན་པར་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]