您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་ཚོགས་ཆེན་གྱི་ལས་འགན་བཀོད་སྒྲིག་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་བསྐོང་ཚོགས་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
བསྟན་ཁོས་རིམ་ཁག་ཚན་པ་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ཞིབ་ཕྲ་ཅན་དང་དོན་དངོས་ཅན་དུ་འགྱུར་བ་བྱེད་རྒྱུ་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ལ་རྩིས་ཏེ། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་དོན་འཁྱོལ་ཏན་ཏིག་བྱས་ཐོག སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་སྤེལ་གཏོང་བའི་གལ་ཆེའི་འགན་འཁྲི་ཧུར་ཐག་སྒྲུབ་དགོས་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཕུགས་ཕན་ལམ་སྲོལ་ཆགས་པ་དང་། ལས་འགན་དང་འཕེལ་རིམ། འགན་འཁྲི་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་འགན་ལེན་བྱས་ཏེ། རང་ལྗོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྒྱུན་སྲིང་དང་མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་རྒྱུན་ཆད་མེད་པ་གཏོང་དགོས་པའི་ནན་བཤད་གནང་བ་རེད།།